རིན་དངུལ་ཐད་ཀྱི་གནས་ཚུལ།

རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཀྱི་ཐོ་འགོད་བྱ་བར་ཆེད་དུ་དམིགས་པའི་དྲ་ངོས་ད་ལྟ་ཡོངས་སུ་གྲུབ་ཡོད་པ་དང་། སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་ལྔ་བའི་ཚེས་བཅོ་ལྔའི་ཚུན་ལ་ཐོ་འགོད་རིན་དངུལ་སྤྲད་ཚར་དགོས། Fjell og Fjord Konferanser AS ཡིས་རིན་དངུལ་སྤྲོད་ལེན་ཐད་ཀྱི་འགན་འཛིན་པ་ཡིན། གྲོས་ཚོགས་ཀྱི་རིན་དངུལ་ཏེ་ནོར་ཝེའི་སྒོར་མོ་ ༢༨༠༠ ནང་དྲོས་ཇ་དང་། གྲོས་ཚོགས་ཀྱི་གོ་རིམ་ཁྲོད་རིགས་མི་འདྲ་བའི་ཞོར་ཟས་དང་ཇ་སོགས་བཏུང་བ་སྣ་མང་འདུ། 

གཞན་ང་ཚོས་ཆེས་དམའ་བའི་གོང་ཚད་ཀྱིས་ཕྱི་རོལ་གཟིགས་སྐོར་སྣ་གཉིས་ལ་བསྐྱོད་པའི་གོ་སྐབས་སྦྱིན་ཐུབ་པ་བྱུང་བར་དགའ་འོས་པ་ཞིག་རེད་ལ། བྱ་འགུལ་འདི་གཉིས་ནི།

  • གྲུར་བསྡད་དེ་ Bergen Fjord ལ་གཟིགས་སྐོར་དུ་ཕེབས་པར་ནོར་ཝེའི་སྒོར་ ༡༠༠ ཡིན་པ་དང་། མི་༣༥༠ ཡན་བརྒལ་མི་རུང་། 
  • Bryggen དང་ Fløyen ལ་གཟིགས་སྐོར་དུ་བསྐྱོད་པར་ནོར་ཝེའི་སྒོར་ ༥༠ ཡིན།

ཕྱི་རོལ་གཟིགས་སྐོར་ཐད་ཀྱི་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱ་འདོད་ན་དྲ་ངོས་འདིར་འཇུག་རོགས་ཞུ། (link) སྤྱི་ཟླ་དྲུག་པའི་ཚེས་༢༤ སྟེ་རེས་གཟའ་པ་སངས་ཀྱི་ཉིན་མོར་ Haakonshallen ཚོམས་ཁང་ནས་སྣེ་ལེན་མཛད་སྒོ་སྤེལ་རྒྱུ་ཡིན་ལ་འདིར་སྒེར་གྱིས་རིན་དངུལ་སྤྲོད་མི་དགོས། ཚོམས་ཁང་འདིར་མི་༣༥༠ ལས་མི་ཤོང་བས་དུས་ལྟར་རང་རང་གི་མིང་ཐོ་འགོད་རྒྱུ་ཡིད་ལ་ངེས་དགོས། 

གྲོས་ཚོགས་ཀྱི་རིན་དངུལ་སྤྲོད་པའི་ཐབས་ལམ་གཉིས་ཡོད་དེ། དྲ་ངོས་ནི། 

  • དངུལ་བྱང་ (VISA or MasterCard) སྤྱད་དེ་ཐད་ཀར་དྲ་ལམ་ནས་སྤྲོད་པ།
  •  གླ་དངུལ་ཐོ་ཡིག་བླངས་ཏེ་དངུལ་ཁང་དུ་སོང་ནས་སྤྲོད་པ། 

ཡིད་ལ་ངེས་དགོས་པ་ཞིག་ལ། གྲོས་ཚོགས་ལ་ཐོ་འགོད་བྱ་བར་ངེས་པར་དུ་རང་ཉིད་ཀྱི་རྒྱལ་སྤྱིའི་བོད་རིག་པའི་ཐོ་འགོད་ཨང་གྲངས་མཁོ་བ་དང་། གྲོས་ཚོགས་ཀྱི་རིན་དངུལ་སྐུར་བའི་འགྲོ་གྲོན་མི་སྒེར་ཀྱི་དངུལ་བྱང་ལས་དབྲི་བ་ལས་རྒྱལ་སྤྱིའི་བོད་རིག་པའི་མཐུན་ཚོགས་ཀྱི་དངུལ་བྱང་ལས་དབྲི་བ་མ་ཡིན།

གྲོས་ཚོགས་ཐོ་འགོད་ཀྱི་རིན་དངུལ་སྤྲོད་དུས་ཕྱི་རོལ་གཟིགས་སྐོར་བྱ་འགུལ་ཀྱི་རིན་དངུལ་ཡང་ལྷན་གཅིག་ཏུ་སྤྲོད་དགོས་པ་དང་། གྲོས་ཚོགས་ཀྱི་མཇུག་མཐའི་མཛད་སྒོར་ཞུགས་པར་ཡང་ཐོ་འགོད་བྱ་བར་ཞུ།

སྡོད་ཁང་ཐད་ནས་དྲི་བ་ཡོད་ཚེ། དབྱིན་ཡིག་སྤྱོད་མཁན་ཚོས་འབྲེལ་གཏུག་བྱ་ཡུལ་ནི། Silje B. Holte (ཁ་པར: +47 63 80 65 14 / ཡིག་ཟམ: silje@fjellogfjord-konferanser.noདང་། བོད་ཡིག་སྤྱོད་མཁན་ཚོས་སྐབས་འདིའི་རྒྱལ་སྤྱིའི་བོད་རིག་པའི་གོ་སྒྲིག་ཚོ་ཆུང་ལ་འབྲེལ་བ་བྱ་རྒྱུ་དང་རིན་དངུལ་སྤྲོད་ཐབས་སོགས་ཀྱི་དྲི་བ་གང་རུང་ཡིག་ཟམ་ iats2016@gmail.com ལ་བསྐུར་རྒྱུ་མཁྱེན།

ཕྱིར་འབུད་ཐད་ཀྱི་སྒྲིག་སྲོལ།

  • སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་ལྔ་བའི་ཚེས་བཅོ་ལྔའི་ཚུན་ལ་ཕྱིར་འབུད་བྱ་ན། གྲོས་ཚོགས་ཀྱི་རིན་དངུལ་ལས་ནོར་ཝེའི་སྒོར་མོ་༣༥༠ ལས་གཞན་ཡོངས་སུ་ཕྱིར་སློག་ངེས།
  • སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་ལྔ་བའི་ཚེས་བཅོ་ལྔའི་རྗེས་ནས་ཕྱིར་འབུད་བྱ་ན། དངུལ་ཅི་ཡང་ཕྱིར་སློག་རྒྱུ་མེད།

གལ་ཏེ་རྒྱུ་རྐྱེན་གང་རུང་གི་དབང་གིས་ཕྱིར་འབུད་བྱ་དགོས་པ་བྱུང་ཚེ། འབྲེལ་ཡོད་འགྲོ་ལུགས་ཚང་མ་ཡིག་ཐོག་ནས་བསྒྲུབ་རྒྱུ་མཁྱེན།


Warning: count(): Parameter must be an array or an object that implements Countable in /home/iatsinfo/public_html/wp/wp-includes/class-wp-comment-query.php on line 405