ཡུལ་སྐོར་ལྗོངས་རྒྱུ་ཐད་ཀྱི་གནས་ཚུལ།

ང་ཚོས་གོང་ཚད་དམའ་བའི་རིན་དངུལ་གྱིས་ཕྱི་རོལ་གཟིགས་སྐོར་གྱི་བྱ་འགུལ་སྣ་གཉིས་ལ་རོལ་བའི་གོ་སྐབས་སྦྱིན་ཐུབ་པར་སེམས་པ་སྤྲོ་བས་བརྟས་ཡོད། ཁྱེད་ཉིད་ཀྱིས་གྲོས་ཚོགས་ཀྱི་རིན་དངུལ་སྤྲོད་དུས་མཉམ་གཅིག་ཏུ་ཕྱི་རོལ་གཟིགས་སྐོར་སྣ་གཉིས་པོ་འདི་ལས་གང་རུང་ཞིག་གདམ་རྗེས་རིན་དངུལ་སྤྲད་དེ་ཐོ་འགོད་བྱ་ཆོག

གྲུ་གཟིངས་Statsraad Lehmkuhl ལ་བསྡད་རྒྱུའི་བྱ་འགུལ། སྤྱི་ཟླ་དྲུག་པའི་ཚེས་༢༢ གཟའ་ལྷག་པ།

Lehmkuhl

 པར་རྒྱག་མཁན། Bouvet (c)

ནོར་ཝེ་ནི་མཚོ་ཐོག་འགྲུལ་སྐྱོད་ཀྱི་ལོ་རྒྱུས་རིང་ཞིང་དར་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པས། ང་ཚོས་གཡོར་གྲུ་ Satsraad Lehmkhul ལ་བསྡད་ནས་པིར་ཀིན་གྱི་མཚོ་མོའི་མཛེས་ལྗོངས་ལ་གཟིགས་སྐོར་དུ་ཕེབས་པའི་བྱ་འགུལ་ཞིག་སྤེལ་གྲབས་ཡོད་ལ་གྲུ་གཟིངས་འདིར་ལོ་ངོ་བརྒྱ་ཡི་ལོ་རྒྱུས་ལྡན། ཕྱི་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ཀའི་སྟེང་པིར་ཀིན་གྲུ་ཁ་རུ་བསྐྱོད་འཆར་ཡིན། གྲུ་གཟིངས་འདིའི་ནང་མི་གྲངས་སུམ་བརྒྱ་དང་ལྔ་བཅུ་ཤོང་བ་དང་འདུག་གནས་རང་རང་གྲུ་ཁར་འབྱོར་བའི་དུས་ཀྱི་སྔ་གཞུག་ལྟར་ཡིན།

གཞན་བྱ་འགུལ་འདིར་ཞུགས་པའི་རིན་དངུལ་ནི་ནོར་ཝེའི་སྒོར་བརྒྱ་ཡིན་པ་དང་གྲོས་ཚོགས་ཀྱི་རིན་དངུལ་སྤྲོད་དུས་འདི་ཡང་མཉམ་གཅིག་ཏུ་སྤྲོད་དགོས།

Bryggen དང་ Mt. Fløyen ལ་གཟིགས་སྐོར་དུ་བསྐྱོད་པའི་བྱ་འགུལ། སྤྱི་ཟླ་དྲུག་པའི་ཚེས་༢༢ གཟའ་ལྷག་པ།

Bryggen-sunset-Bergen-Norway

 ནུབ་ཁའི་ཉི་ཟེར་འོག་གི་པིར་ཀིན་གྲུ་ཁའི་ཟུར་ཞིག   པར་རྒྱག་མཁན། Sverre Hjørnevik – www.fjordnorway.com

གྲུར་བསྡད་ན་མགོ་ཡོམ་འཁོར་བ་སོགས་ཀྱི་སྣང་ཚུལ་ཡོད་པའི་གྲོགས་པོ་ཚོ་གོང་དུ་བཤད་ཟིན་པའི་མཚོ་ཐོག་ཡུལ་སྐོར་ཀྱི་ཚབ་ཏུ་Bryggen དང་Mt. Fløyen ལ་ཡུལ་སྐོར་དུ་བསྐྱོད་པའི་བྱ་འགུལ་ལ་ཞུགས་ཆོག་སྟེ། ཡུལ་སྐོར་འགོ་བརྩམ་ས་ནི་པིར་ཀིན་གྱི་ཚོང་ཟོག་སྐྱེལ་འདྲེན་གྲུ་ཁ་Bryggen ཡིན། འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་རིག་གནས་སློབ་གསོ་ཚོགས་པས་འཛམ་གླིང་གི་ཤུལ་བཞག་རིག་གནས་ཀྱི་གྲས་སུ་བཀོད་པའི་གནས་འགངས་ཆེན་ཞིག་ཡིན་པ་དང་། ཉམས་མྱོང་ཡོད་པའི་ལམ་སྟོན་པས་ཡུལ་དེའི་མཚོ་ཐོག་སྐྱེལ་འདྲེན་གྱི་ལོ་རྒྱུས་ངོ་སྤྲོད་བགྱི་ངེས། 

དེར་མ་ཟད། མིང་ཏུ་གྲགས་པའི་རི་བོ་Mount Fløyen གྱི་རྩེ་ནས་པིར་ཀིན་གྲོང་ཁྱེར་གྱི་མཛེས་ལྗོངས་ཧྲིལ་པོ་ཉམས་སུ་མྱོང་བའི་བྱ་འགུལ་ཡང་སྤེལ་རྒྱུ་ཡིན། བྱ་འགུལ་འདིར་ཞུགས་པའི་རིན་དངུལ་ནི་ནོར་ཝེའི་སྒོར་ལྔ་བཅུ་ཡིན་པ་དང་གྲོས་ཚོགས་ཀྱི་རིན་དངུལ་སྤྲོད་དུས་འདི་ཡང་མཉམ་གཅིག་ཏུ་སྤྲོད་དགོས།

Fløyen utsikt - foto utdanningibergen.no

 རི་བོ་ Mount Fløyen ནས་མཐོང་བའི་མཛེས་ལྗོངས། པར་ཁུངས། utdanningibergen.no

Haakonshallen ཚོམས་ཁང་དུ་སྤེལ་བའི་སྣེ་ལེན་བྱ་འགུལ། སྤྱི་ཟླ་དྲུག་པའི་ཚེས་ཉེར་བཞི། གཟའ་པ་སངས།

Haakonshallen - foto bymuseet Haakonshallen - foto Hordaland.no

 

 

 

 

 

སྤྱི་ཟླ་དྲུག་པའི་ཚེས་ཉེར་བཞི་སྟེ་གཟའ་པ་སངས་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་ནས་བདུན་བར་པིར་ཀིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ལྷན་ཁང་གིས་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་ཞུགས་པ་རྣམས་ལ་ Haakonshallen ནས་སྣེ་ལེན་བྱ་འཆར་ཡོད། གནས་འདི་ནི་དུས་རབས་བཅུ་གསུམ་པའི་ནང་རྒྱལ་པོ་ Haakon Haakonsson (1217–1263) ཡི་སྐུ་རིང་ལ་བཞེངས་པ་ཞིག་ཡིན། འདིར་ཞོར་ཟས་དང་བཏུང་བྱའི་རིགས་སྣ་མང་ཡོད་ཅིང་སྒེར་གྱིས་རིན་དངུལ་སྤྲོད་མི་དགོས། འོན་ཀྱང་འདུག་གནས་ལ་ཚད་ངེས་ཅན་ཡོད་པས་གྲོས་ཚོགས་ཀྱི་ཐོ་འགོད་དྲ་ངོས་སུ་རང་རང་གི་མིང་ཐོ་འགོད་རྒྱུ་ཡིད་ལ་ངེས་དགོས། (link)


Warning: count(): Parameter must be an array or an object that implements Countable in /home/iatsinfo/public_html/wp/wp-includes/class-wp-comment-query.php on line 405