Statement of the IATS

The IATS has recently been notified about accusations of sexual abuse of young students, Tibetans and others. The president and members of the advisory board are deeply concerned about these accusations. We strongly oppose any and all types of sexual abuse and harassment within our field of Tibetan Studies. We highly respect those vulnerable students who seek justice for speaking out about their experience of predatory sexual behaviour. They have our heartfelt sympathies, and it is our sincere hope that they will achieve the justice and healing they need, although we know that this will be difficult. As an organization that only holds a meeting every three years, IATS is not, however, a judicial body nor an employer and does not have the capacity nor the legal charge or basis to take a stance in individual cases about which individual members are aware. It is our sincere hope that all such allegations will be brought for a thorough investigation and to justice. We profoundly regret the pain suffered by victims of sexual abuse, wherever and whenever it occurs. We unanimously expect all members of IATS to behave according to international standards that unambiguously condemn sexual harassment and abuse of any kind. We call upon all relevant funding bodies to investigate the way they finance and monitor aid programs involving vulnerable persons engaged in Tibetan Studies.

Hanna Havnevik (Oslo University, Norway), President of the IATS

Françoise Robin (Inalco, France), General Secretary of the IATS

The Advisory Board of the IATS:

Daniel Berounsky (Charles University, Czech Republic)

Hildegard Diemberger (Cambridge University, UK)

Lauran Hartley (C.V. Starr East Asian Library, Columbia University Libraries, USA)

Lama Jabb (University of Oxford, UK)

Matthew Kapstein (emeritus, École Pratique des Hautes Études, France)

Geoffrey Samuel (emeritus, Cardiff University, UK)

Tsuguhito Takeuchi (Kobe City University of Foreign Studies, Japan)

Tashi Tsering (AMI, India)

Tsering Thar (emeritus, Central University for Nationalities, China)

Dorji Wangchuk (Hamburg University, Germany)

Past IATS presidents:

Samten Karmay (emeritus, CNRS, France)

Janet Gyatso (Harvard University, USA)

Charles Ramble (École Pratique des Hautes Études, France)

Tsering Shakya (University of British Columbia, Canada)

IATS2019 Preliminary Panel Proposals / སྔོན་འགྲོའི་ཞུགས་མོལ་ལས་འཆར།

Click here to download the preliminary panel proposals that have been received by the convenors of the IATS2019, to be held in Paris, France, July 7-13, 2019.

If you wish to contribute a paper to one of these panels, please contact the organizers directly no later than March 31, 2018, at their e-mail addresses furnished below. Note that the IATS can accept contributions in any of the four official languages of the IATS: English, French, German or Tibetan. No other languages can be accepted.

If you intend to participate at the IATS2019, but you do not see a panel proposal here that accords with your planned topic, please wait for the general announcement of the IATS2019 submissions website. After the website is opened, on or about February 15, it will be possible to submit new proposals for additional panels, roundtable sessions, and individual papers. The website will remain available for this purpose until June 1, 2018.

All contributions to the IATS2019 must represent original, previously unpublished research conducted by the contributor.

Qualified graduate students and independent scholars who have not previously participated in a IATS seminar are most welcome to join the IATS2019, but will have to submit letters of recommendation from an academic advisor or from a member of the IATS when making their formal submission after February 15.

རྗེས་སུ་ལུས་པའི་ཕྱིར་དྲན། གྲོགས་མཆོག་ཨེན་རིས་ཀོ་ཕྱིར་དྲན་བྱེད་པ།

རྗེས་སུ་ལུས་པའི་ཕྱིར་དྲན།

གྲོགས་མཆོག་ཨེན་རིས་ཀོ་ཕྱིར་དྲན་བྱེད་པ།

ཚེ་རིང་ཐར།

ཟླ་བ་གཅིག་ལྷག་གི་སྔོན་གྱི་དགུང་མོ་ཞིག་ལ། གྲོགས་པོ་ཨན་རྡི་རེས་རོམ་ནས་ཁ་པར་ཞིག་སླེབས་དུས། ཨན་རྡི་རེ་དང་ཁོང་གི་སྤུན་ཆེ་བ་ཨེན་རིས་ཀོ་དང་། ཨན་རྡི་རེའི་བུ་ཆེ་བ་འཇམ་དཔལ་བཅས་གསུམ་མཉམ་དུ་རོ་མ་གྲོང་ཁྱེར་གྱི་རང་ཁྱིམ་དུ་ཡོད་པ་ཤེས། ཁོ་ཚོ་རེ་རེ་དང་བཀའ་མོལ་ཞུས་པ་དང་། ལྷག་པར་དུ་ཨེན་རིས་ཀོ་དང་ཡུན་རིང་དུ་བཀའ་མོལ་མ་བྱུང་བས་སྐབས་དེར་ཁོང་དང་དམིགས་བསལ་གྱིས་སྐད་ཆ་མང་ཤོས་ཙམ་བཤད། ཁོང་ལ་འཚམས་འདྲི་ཞུས་པར་ཐམས་ཅད་བདེ་ལེགས་ཡིན་པའི་ལན་ཐོབ་ནས་སེམས་ཁ་བདེ།  ཡིན་ན་ཡང་། ཉིན་བཅུ་ཙམ་འགོར་རྗེས་ཁོང་གི་སྤུན་ཡ་ཨན་རྡི་རེས་གློ་བུར་དུ་ཁ་པར་ཞིག་སླེབས་སོང་། ཨེན་རིས་ཀོ་ལ་སྐྲན་བྱུང་ནས་སྨན་ཁང་དུ་བསྡད་ཡོད་པ་མ་ཟད། ན་ཚ་དེ་རྙེད་པ་འཕྱི་དྲག་པས་སྨན་བཅོས་ཀྱི་རེ་བས་དབེན་ཟེར་ནས་ཨེན་རྡི་རེའི་ངུ་སྐད་ཤོར་འདུག དེ་ནས་ཉིན་གཅིག་གི་རྗེས་སུ། ཨེན་རིས་ཀོས་ང་ཚོ་བསྐྱུར་ནས་ཞིང་ཁམས་གཞན་དུ་འགྲིམས། གཏམ་དེ་གོ་མ་ཐག་ཏུ་གློ་བུར་གྱི་དོན་རྐྱེན་དེས་ཧང་སངས་པ་མ་གཏོགས་ཅི་ཡང་དྲན་རྒྱུ་མ་བྱུང་མོད། དེ་ལ་ཞིབ་འདང་ཞིག་བརྒྱབ་པས་ཡུན་རིང་པོར་བྱུང་མ་མྱོང་བའི་རྨོངས་པ་ཞིག་གིས་སེམས་ཀྱི་གཏིང་འོག་རྫོགས་ནས་རང་དབང་མེད་པར་ངུ་སྐད་ཤོར་དུས། ངའི་བུ་མོས་སེམས་གསོ་བྱས་པའི་སྐད་ཆ་ཚིག་གཅིག་ཀྱང་རྣ་བར་མ་སོང་།

གྲོགས་མཆོག་ཨེན་རིས་ཀོ་ལགས་ཞིང་ཁམས་གཞན་ཏུ་འགྲིམས་ནས་ཟླ་ཁ་ཤས་འགྱངས་སོང་མོད། ཁོང་གི་འཛུམ་ཞལ་དང་རྩེད་འཇོ་རྣམས་ད་རུང་རྣ་ལམ་དང་མིག་ལམ་ནས་ཡལ་ཐབས་བྲལ། ཁོང་ལ་ཕྱིར་དྲན་གྱི་རྩོམ་ཡིག་ཐུང་ཐུང་ཞིག་འབྲི་བའི་འདུན་པ་སྔར་ནས་འགོག་མེད་དུ་སྐྱེས་མོད། སོར་སྐྱེས་གྲོག་མའི་རྐང་ལག་འཁོར་བའི་ཐང་ཆུར་འབྱར་ནས་ད་རེག་བར་དུ་སྨྱུ་གུའི་ཡུ་བ་ཙམ་ལ་འཇུ་མ་ཐུབ་པར་ལུས།

༡༩༩༡ལོའི་ལོ་མཇུག་ཏུ་ཁོ་བོར་དབྱི་ཏ་ལི་རྒྱལ་ཁབ་ཀྱི་ཤར་ཕྱོགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆོས་རྒྱལ་ནམ་མཁའ་ནོར་བུ་མཆོག་གི་སྐུ་མདུན་དུ་ལོ་གཅིག་ལ་སློབ་གཉེར་དུ་བཅར་བའི་གོ་སྐབས་ཤིག་བྱུང་། ཁོང་རྒན་ཡོལ་གནངས་ནས་དབྱི་ཏ་ལིའི་དཀྱིལ་ཁུག་གི་གྲོང་ཁྱེར་ཆུང་ཆུང་ཨར་ཆི་རྡོ་སོ་ལ་ཆགས་ཡོད་པའི་རྒྱལ་སྤྱིའི་རྫོགས་ཆེན་འདུས་སྡེ་ན་བཞུགས་ཡོད་པས་ཁོ་བོ་ཡང་ཁོང་གི་སྐུ་རྗེས་སུ་འབྲངས་ནས་དེ་ལ་སླེབས། གནས་དེ་ནི་རྒྱལ་སྤྱིའི་རྫོགས་ཆེན་འདུས་སྡེའི་གདན་ས་གཙོ་བོ་ཡིན་ཞིང་མིང་ལ་མེ་རི་སྒར་ཟེར། ཁོ་བོ་དེར་སླེབས་དུས་མེ་རི་སྒར་གྱི་ཞོལ་དུ་ཆགས་པའི་ཁང་བ་སེར་པོ་ཞིག་ཡོད་པའི་མིང་ལ་མེ་རི་སྒར་གཉིས་པ་ཞེས་པ་དེར་བཀོད་སྒྲིག་བྱས་ནས་བསྡད། དེར་ཨེན་རིས་ཀོ་དང་ཁོང་གི་བཟའ་ཟླ་དབྱིས་ཟ་པེལ་གཉིས་བཞུགས་ཡོད་པས་ང་ཚོ་ཁྱིམ་ཚང་གཅིག་གི་ཁྱིམ་མིར་གྱུར། དེ་དུས་ཨེན་རིས་ཀོས་རྫོགས་ཆེན་འདུས་སྡེའི་ཞང་ཞུང་སློབ་གཉེར་ཁང་གི་དྲུང་ཡིག་ཆེན་མོའི་འགན་ཁུར་ཡོད་པས། དེའི་ཕྱི་ལོར་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་ཞིབ་འཇུག་ཚོགས་འདུ་ཐེངས་གཉིས་པ་བསྡུ་བའི་འགན་ཁུར་ཁོང་གིས་བཞེས་ཡོད། དགེ་རྒན་ནམ་མཁའི་ནོར་བུ་རིན་པོ་ཆེས་ཁོང་ལ་ཞབས་ཞུ་སྒྲུབ་ཅི་ཐུབ་བྱོས་ཞེས་ང་ལ་བདམས་ཤིང་ངས་ཀྱང་གང་ནུས་ཅི་ལྕོགས་སྒོས་ཁོང་ལ་རོགས་རམ་འདེགས་ཞུས་པའི་ཁུལ་ཡིན་མོད། དོན་ཐོག་ནས་དེ་དུས་ཁོ་བོ་ཕྱི་གླིང་དུ་སླེབས་མ་ཐག་ཡིན་པ་དང་རྒྱལ་སྤྱིའི་བོད་རིག་པའི་རིག་གཞུང་ཞིབ་འཇུག་ཁྱབ་ཁོངས་ལ་ཡང་རྒྱུས་ཅི་ཡང་མེད་པས། ཁོང་ལ་ཞབས་ཞུ་ཕྲན་ཙམ་མ་གཏོགས་ཞུ་མ་ཐུབ། ཚོགས་འདུ་དེ་བཀོད་སྒྲིག་བྱས་པའི་ལོ་གཅིག་གི་རིང་ལ་གདན་འདྲེན་ཞུས་པའི་མི་སྣ་མང་ཞིང་རྒྱལ་ཁབ་རང་རང་གི་གནས་ཚུལ་མི་འདྲ་བའི་དབང་གིས་དཀའ་ངལ་མང་པོར་འཕྲད་མོད། མཐར་ཐམས་ཅད་ཐག་ཆོད་ནས་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་གི་ཚོགས་འདུ་ཐེངས་གཉིས་པ་དེ་བདེ་ལེགས་ངང་འཚོགས། ཕྱོགས་ཐམས་ཅད་ཀྱི་བསྟོད་བསྔགས་ཆེན་པོ་ཐོབ་པས་ཀྱང་ཨེན་རི་ཀོ་ལགས་ཀྱི་གཞན་དྲིང་མི་འཇོག་པའི་འཇོན་ཐང་ལྷག་མེད་དུ་མངོན། དེའི་རྗེས་སུ་དབྱི་ཏ་ལིའི་ནུབ་ཕྱོགས་ཀྱི་གླིང་ཕྲན་སར་རྡན་མྱ་བྱ་བར་བོད་བརྒྱུད་ནང་བསྟན་དང་ཡུ་ཤུའི་ཆོས་ལུགས་བར་གྱི་བཀའ་མོལ་བྱ་བའི་རིག་གཞུང་ཞིབ་འཇུག་གི་ཚོགས་འདུ་ཞིག་བསྡུས་པར་མགྲོན་འབོད་ཡི་གེ་ཞིག་ཐོབ། སྐབས་དེར་ཁོ་བོས་དབྱི་ཏ་ལི་སྐད་ཀྱི་དཔྱད་རྩོམ་ཞིག་ཐེངས་དང་པོར་བྲིས་པ་ལ་ཡིག་སྐྱོན་གྱི་ཕུར་བོར་གྱུར་པས། ཨེན་རིས་ཀོ་ལགས་ཀྱིས་ཞུ་དག་ཞིབ་ཆ་ཅན་ཞིག་གནང་། ཞུ་དག་དེ་དང་བརྒྱུད་དེ་ཤེས་རྟོགས་གསལ་བོ་ཞིག་བྱུང་བ་ནི། ཨེན་རིས་ཀོ་ལགས་ཀྱིས་བོད་ཀྱི་སྐད་ཡིག་གང་ལེགས་མཁྱེན་པ་མ་གཏོགས་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་ཡིག་ཆ་ལའང་རྒྱུས་མངའ་གཏིང་ཟབ་པོ་ཡོད་པ་དེ་རེད། ཁོང་གི་རྒྱུད་དེ་བོད་ཀྱི་རིག་གནས་ཀྱི་ཡོན་ཏན་གྱིས་ཕྱུག་པ་ལ་ཧང་སང་པའི་དུས་མཚུངས་སུ། ཁོང་གི་དགེ་རྒན་ནམ་མཁའི་ནོར་བུ་རིན་པོ་ཆེས་དབྱི་ཏ་ལིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ན་པོ་ལི་ན་ཡོད་པའི་ཤར་ཕྱོགས་སློབ་གྲྭ་ཆེན་མོ་དང་རྫོགས་ཆེན་འདུས་སྡེར་ལོ་མང་པོར་བོད་ཡིག་དང་བོད་ཀྱི་རིག་གནས་སློབ་ཁྲིད་གནང་བའི་གྲུབ་འབྲས་ཆེན་པོ་ལ་ཡ་མཚན་ཆེན་པོ་དབང་མེད་དུ་སྐྱེས། དེའི་རྗེས་སུ་རིམ་བཞིན་རིན་པོ་ཆེའི་སློབ་མ་མང་པོ་ངོ་ཤེས་པའི་རྗེས་སུ། བོད་ཀྱི་སྐད་ཡིག་དང་རིག་གནས་ལ་གོ་བ་གཏིང་ཟབ་པོ་ལྡན་པའི་ཕྱི་གླིང་བ་གང་མང་ངོ་ཤེས་ནས། བོད་ཀྱི་མཁས་པ་དེ་རྣམས་ཀྱིས་ལོ་འཁོར་བཅུ་ཕྲག་མང་པོའི་རིང་ལ་སྐད་རིགས་དང་རིག་གནས་མི་མཐུན་པའི་ཕྱི་གླིང་གི་ཁོར་ཡུག་གསར་བའི་ནང་དུ་བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་ཁྲིད་དང་དར་སྤེལ་གནང་བ་ལ་རྗེས་སུ་ཡི་རང་ཆེན་པོ་བྱུང་བ་དང་། ཨེན་རིས་ཀོ་དང་ཕྱི་གླིང་བ་མང་པོ་ཞིག་གི་སྙིང་ཁོངས་རུས་པའི་གཏིང་ན་མིའི་རིགས་རྒྱུད་འདྲ་མཉམ་དང་རིག་གནས་འདྲ་མཉམ་གྱི་བསམ་བློ་དེ་རྡོ་བརྐོས་རི་མོ་བཞིན་གཏན་ཆགས་སུ་གནས་ཡོད་པ་དེ་ལ་སེམས་གཏིང་ནས་བརྩི་བཀུར་ཆེན་པོ་སྐྱེས་པ་དང་། ཁོ་བོ་ནང་བཞིན་རིག་གནས་ཡོན་ཏན་གྱི་དབུལ་བོ་ཞིག་ཡིན་ན་ཡང་ནུབ་ཕྱོགས་རིག་གནས་ཀྱི་མཐོ་ཚད་ཀྱི་གྲིབ་ཟུར་ཙམ་མཐོང་བ་དང་མྱོང་བ་ཙམ་གྱིས་བློ་སྐྱེད་ཆེན་པོ་བྱུང་།

སློབ་དཔོན་ནམ་མཁའ་ནོར་བུ་མཆོག་གིས་དབྱི་ཏ་ལི་རྒྱལ་ཁབ་ཀྱི་ཤར་ཕྱོགས་སློབ་གྲྭ་ཆེན་མོར་བོད་ཡིག་དང་སོག་ཡིག་གི་སློབ་ཁྲིད་རྨང་གཞི་བྱས་ནས་བོད་ཀྱི་རིག་གནས་དར་སྤེལ་བྱས་པའི་དུས་མཚུངས་སུ། རྒྱལ་སྤྱིའི་རྫོགས་ཆེན་འདུས་སྡེ་བཙུགས་ནས་རྫོགས་པ་ཆེན་པོས་གཙོས་པའི་བོད་ཀྱི་རིག་གནས་ཡར་རྒྱས་དང་གོང་སྤེལ་བྱེད་པའི་གནས་གསར་བ་ཞིག་བཙུགས། ༡༩༩༡ལོ་ཁོང་སློབ་གྲྭ་ཆེན་མོ་ལས་རྒན་ཡོལ་གནངས་པའི་རྗེས་སུ་ཨར་ཆིས་རྡོ་སོར་གནས་སྤོར་གནང་ནས་དེར་གཏན་སྡོད་བྱས། དེ་ལ་སྔར་སློབ་གྲྭ་ཆེན་མོའི་སྐབས་ཀྱི་སློབ་མ་དང་རྗེས་སུ་སྤྱི་ཚོགས་སྟེང་གི་དབྱི་ཏ་ལི་དང་ནུབ་ཕྱོགས་ཀྱི་ཤེས་ལྡན་པ་གང་མང་ཞིག་འདུས་པས་རྫོགས་ཆེན་འདུས་སྡེ་དེ་གལ་འགངས་ཤིན་ཏུ་ཆེ་བའི་བོད་ཀྱི་རིག་གནས་དར་སྤེལ་གཏོང་བའི་རྒྱལ་སྤྱིའི་ལྟེ་གནས་ཤིག་ཏུ་གྱུར། ཨེན་རིས་ཀོ་ནི་སྔར་སློབ་གྲྭ་ཆེན་མོའི་ནང་དུ་སློབ་དཔོན་མཆོག་གི་སློབ་མ་ཞིག་ཡིན་ཞིང་སློབ་མཐར་ཕྱིན་རྗེས་སུའང་ཁོང་གི་རྗེས་འབྲངས་པའི་རྣམ་དཔྱོད་ཤིན་ཏུ་ཡངས་པའི་གཞོན་ནུ་ཞིག་རེད། རྫོགས་ཆེན་འདུས་སྡེ་ནང་དུ་དེར་གཏོགས་ལས་ཁུངས་ཁ་ཤས་བཙུགས་ཡོད་དེ། ཞང་ཞུང་སློབ་གཉེར་ཁང་དང་། ཞང་ཞུང་དཔེ་སྐྲུན་ཁང་། ཨ་སིས་ཡ་རྒྱལ་སྤྱིའི་མཐུན་ཚོགས། མེ་རི་སྒར་དཔེ་མཛོད་ཁང་། མེ་ལོང་ཚགས་པར་ཁང་། ཞང་ཞུང་གློག་བརྙན་ཁང་། ཞང་ཞུང་རྟེན་མཛོད་བཤམ་སྟོན་ཁང་བཅས་སོ། དེའི་ནང་ནས་ཞང་ཞུང་སློབ་གཉེར་ཁང་ནི་བོད་ཀྱི་རིག་གནས་སྐོར་གྱི་བྱ་འགུལ་སྣ་ཚོགས་སྤེལ་ཞིང་རྒྱལ་སྤྱིའི་རང་བཞིན་གྱི་སྙན་གྲགས་ལྡན་པའི་ལས་ཁུངས་ཤིག་ཡིན་པས། ཨེན་རིས་ཀོས་དེའི་འགན་གཙོ་བཞེས་ན་འོས་ཤིང་འཚམ་པ་ཞིག་རེད་སྙམ། རྒྱུ་མཚན་ནི། ཁོང་དང་འབྲེལ་འདྲིས་གཏིང་ཇེ་ཟབ་ཏུ་གྱུར་པའི་དུས་མཚུངས་སུ། ཁོང་གི་རྒྱུད་ན་ཡོད་པའི་ཡོན་ཏན་ཡང་རིམ་བཞིན་ཅུང་ཙམ་མངོན་ཏེ། ཧྥ་རན་སིའི་སྐད་དང་དབྱིན་ཇིའི་སྐད་ལ་ཁོང་གི་དབྱི་ཏ་ལིའི་ཕ་སྐད་དང་ཁྱད་པར་མེད་པའི་རྒྱུས་མངའ་ལྡན་པ་མ་ཟད། བོད་སྐད་དང་བོད་ཡིག་གི་ཆུ་ཚད་ནི་བོད་པ་མང་པོ་ཞིག་གིས་འགྲན་ཟླ་བྲལ་བའི་གདེངས་ཚོད་འདུག བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས། ལྷག་པར་དུ་བོད་ཀྱི་ཡིག་ཆ་ལ་རྒྱུས་མངའ་ཆེན་པོ་ཡོད་པ་ནི་ངོ་མ་ཧང་སངས་དགོས་པའི་གནས་ཚུལ་རེད། བོད་ཀྱི་རིག་གནས་དང་དེའི་ལོ་རྒྱུས་སྐོར་གྱི་ལྟ་ཚུལ་དོན་དང་ལྡན་པ་གང་མང་བཏོན་པའི་སྐབས་སུ། ཁོང་ལ་བོད་ཀྱི་རིག་གནས་ཕྱོགས་ཀྱི་ཡོན་ཏན་དེ་འདྲ་འབྱོར་ཡོད་པར་ཡ་མཚན་སྐྱེས་པའི་རྗེས་སུ། དེའི་རྒྱུ་མཚན་ལ་ཡང་བསམ་བློ་མི་གཏོང་རང་གཏོང་རེད། ཁོང་གིས་བོད་པ་ནང་བཞིན་ལོ་མང་པོར་བོད་ཡིག་གཞི་བྱས་ནས་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སོགས་སློབ་སྦྱོང་བྱས་མེད་ན་ཡང་། བོད་ཀྱི་རིག་གནས་ཀྱི་སྤྱི་ཁོག་གི་ངོས་འཛིན་གཏིང་ཟབ་མོ་ཡོད་པ་མ་ཟད། དེའི་ཡར་རྒྱས་དང་གོང་འཕེལ་སྐོར་ལ་བསམ་བློ་མང་པོ་བཏང་ཞིང་ལྟ་བ་དོན་དུ་འཁེལ་བ་མང་པོ་བཏོན་མྱོང་། སློབ་སྦྱོང་དང་འཚོ་བའི་སྐོར་གྱི་མཉམ་རོལ་གྱིས་ཁོང་གི་སྐུ་ཡོན་ལ་རྗེས་སུ་ཡི་རང་ཆེན་པོ་བྱུང་བ་མ་ཟད། ཁོང་གི་གསེར་དང་འདྲ་བའི་མི་གཤིས་ལ་ཡང་འབྲེལ་འདྲིས་ཆེན་པོ་བྱུང་བས། ང་ཚོ་སེམས་ཁོངས་རུས་པའི་གཏིང་ནས་ཕན་ཚུན་སྦ་གསང་མེད་པའི་གྲོགས་པོ་བློས་ཐུབ་པར་གྱུར་པ་དེ་ཡང་སེམས་ཀྱི་དྲོད་ཐིག་ཆེན་པོ་ཞིག་ལོས་ཡིན།

ཁོ་བོ་༡༩༩༣ལོའི་སྟོན་ཁར་དབྱི་ཏ་ལི་ནས་ཕྱིར་ལོག་པའི་རྗེས་སུ། ཁོང་དང་མཇལ་བའི་གོ་སྐབས་ཉུང་རུ་གྱུར་ན་ཡང་། དེའི་རྗེས་སུ་ཁོང་གིས་ཀུན་ཕན་ཐེབས་རྩའི་ཚོགས་པའི་འགོ་འཛིན་གྱི་འགན་བཞེས་པས། ཀྲུང་གོར་ཕེབས་པའི་གོ་སྐབས་མང་དུ་ཕྱིན། ཁོང་གི་ལས་ཁུངས་ཀྱི་རོགས་སྐྱོར་ལས་གཞིའི་སྐོར་ནས་འབྲེལ་བ་ཅི་ཡང་མ་བྱུང་ན་ཡང་། བོད་དུ་ཕེབས་པར་པེ་ཅིན་བརྒྱུད་པའི་སྐབས་དང་རོགས་སྐྱོར་ལས་གཞིའི་ཆེད་དུ་བོད་ཁམས་སུ་བསྐྱོད་པའི་སྐབས་སུ་ཞལ་མཇལ་བའི་གོ་སྐབས་རེ་འགའ་བྱུང་བས་དགའ་བས་རབ་ཏུ་བཏེགས། ཁོང་གིས་བོད་ཀྱི་རིག་གནས་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་རྒྱུས་མངའ་ཆེན་པོ་ཡོད་པས། དེའི་སྐབས་སུ་ས་གནས་སྲིད་གཞུང་དང་མཉམ་འབྲེལ་བྱས་ནས་གནད་དུ་འཁེལ་བའི་རོགས་སྐྱོར་ལས་གཞི་གང་མང་བསྒྲུབས་པ་དེ་དག་གིས་ད་རེག་བར་དུ་ས་གནས་ཀྱི་མང་ཚོགས་དང་སློབ་མ་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད། དེང་སང་བལྟས་ན། ཁོས་དེ་དུས་བདམས་ཤིང་བསྒྲུབས་པའི་རོགས་སྐྱོར་ལས་གཞི་དེ་དག་གནད་དུ་འཁེལ་ཡོད་ཅིང་ཕན་ཐོགས་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པ་དང་། ཁོ་རང་གིས་བོད་ཀྱི་རིག་གནས་དང་སྤྱི་ཚོགས་ཀྱི་དགོས་མཁོ་གསལ་བོར་རྟོགས་ཡོད་པ་ཤེས་ཐུབ་ལ། དེ་ཡང་ཁོས་བོད་ཀྱི་རིག་གནས་ལ་སློབ་སྦྱོང་གཏིང་ཟབ་མོ་བྱས་པའི་གྲུབ་འབྲས་ལོས་ཡིན། རོགས་སྐྱོར་གྱི་ལས་གཞི་གང་སྒྲུབ་ན་ཡང་། གཙོ་བོ་བྱ་བའི་ཡུལ་དེ་ལ་ཕན་ཐོགས་མིན་དེ་བྱ་བའི་དམིགས་ཡུལ་གཙོ་བོར་འཛིན་ཞིང་། གལ་ཏེ་རོགས་སྐྱོར་གྱི་ལས་གཞི་མང་པོ་ལས་གདམས་དགོས་པ་བྱུང་ན། ལས་གཞི་གང་ལ་དགོས་མཁོ་ཆེ་ཞིང་ཕན་ཡུན་རིང་ན་དེ་གདམ་རྒྱུ་ཡིན་ཞེས་ཁོང་གི་ཞལ་ལས་དངོས་སུ་ཐོས། ཁོང་ནི་ཕན་སེམས་ཤིན་ཏུ་ཆེ་བའི་མི་ཞིག་ཡིན་པས། སྐབས་སྐབས་སུ་རོགས་སྐྱོར་གྱི་ལས་གཞིར་མ་ཚུད་པའི་རེ་ཞུས་བྱུང་ན། ཁོང་སྒེར་གྱིས་འགྲོ་གྲོན་བཏང་ནས་རོགས་རམ་བྱས་པ་ཡང་གང་མང་ཐོས་པ་མ་ཟད་ཐེངས་གཅིག་དངོས་སུ་མཐོང་སྟེ། ཐེངས་དེར་མཚོ་སྔོན་ཟི་ལིང་ནས་ངེད་གཉིས་མཉམ་དུ་ཇ་འཐུང་བའི་སྐབས་སུ། སློབ་མ་ལོ་བཅུ་ལྷག་ཅན་ཞིག་ལ་འཕྲུལ་རྟས་རྡུང་ཐུག་བྱུང་ཞིང་དབང་བོ་སྐྱོན་ཅན་དུ་གྱུར་ནས་སློབ་གྲྭར་འགྲོ་མི་ཐུབ་པའི་གནས་ཚུལ་ཐོས་ནས། ཁོང་སྒེར་གྱིས་ཀྲུང་གོ་སྒོར་མོ་དྲུང་སྟོང་ལྷག་བྱིན་ནས་གློག་འཁོར་འཕྲུལ་རྟ་ཞིག་ཉོས་པས་སློབ་མ་དེ་སློབ་གྲྭར་འགྲོ་ཐུབ་པ་བྱུང་། དེ་ལས་ཀྱང་ཁོ་བོར་སེམས་འགུལ་ཆེན་པོ་ཐེབས་པའི་བྱ་བ་ཞིག་ནི། ཉིན་ཞིག་ལ། ཁོ་རང་ཚོའི་རོགས་སྐྱོར་ལས་གཞིས་ཕན་ཐོགས་པའི་བོད་པ་ཞིག་གིས་ཁོང་ལ་བཀའ་དྲིན་ཆེ་ཞུས་པའི་ལན་ལ། ཁོང་གིས། ཁོ་རང་སྦྱིན་བདག་རང་མ་རེད། ཐེབས་རྩའི་ཚོགས་པ་ནང་གི་ལས་ཀ་བྱེད་མཁན་ཞིག་རེད། བཀའ་དྲིན་ཆེ་ཞུ་མི་དགོས། བཀའ་དྲིན་ཞུ་ན་ཡང་སྦྱིན་བདག་རང་ལ་ཞུ་དགོས། བོད་ཀྱི་རིག་གནས་ནི་མིའི་རིགས་ཀྱི་རིག་གནས་ཀྱི་ཤུལ་བཞག་ཅིག་རེད། འཛམ་གླིང་སྟེང་གི་མི་སུ་ཞིག་ཡིན་རུང་དེ་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་ཅེས་ཟེར། ཁོང་གིས་ངག་ནས་དེ་ལྟར་བརྗོད་པ་ཙམ་མ་ཡིན་པར། སེམས་ཁོངས་གཏིང་ནས་ཀྱང་དེ་ལྟར་འདོད་བཞིན་ཡོད་ལ། ཁོང་རང་ལ་མཚོན་ན་གོ་ལ་འདིའི་སྟེང་གི་མི་རིགས་ཆེ་ཆུང་སུ་ཡིན་ཡང་སོ་སོ་ལ་སྲོལ་རྒྱུན་གྱི་རིག་གནས་རེ་ཡོད་པ་དེ་འདྲ་མཉམ་ཡིན་པ་དང་། དེ་ཐམས་ཅད་ནི་མིའི་རིགས་ཀྱི་གཞན་དང་མ་མཚུངས་པའི་རིག་གནས་ཤུལ་བཞག་གི་ཆ་ཤས་ཡིན་པས། གོ་ལའི་སྟེང་གི་མི་སུ་ཡིན་ན་ཡང་དེ་དག་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་པ་དང་། དེའི་ནང་གི་མཐུན་རྐྱེན་འཛོམས་མཁན་ཞིག་ཡིན་ན་ལྷག་པར་དུ་མ་བསྐུལ་དང་དུ་བླངས་ནས་སྲུང་སྐྱོར་དང་དར་སྤེལ་བྱ་དགོས་པ་དེ་རེད། བསམ་བློའི་རྟོགས་པ་དེ་འདྲ་མཐོན་པོ་ལྡན་པའི་ཤེས་ལྡན་མི་སྣ་ཁོང་དང་ཁོང་འདྲ་བ་རྣམས་ཀྱིས་མིའི་རིགས་ཀྱི་ཤེས་རབ་ཀྱི་གྲུབ་འབྲས་ཏེ་སྲོལ་རྒྱུན་རིག་གནས་དེ་དག་སྲུང་སྐྱོབ་དང་དར་སྤེལ་བྱེད་པའི་ཆེད་དུ་ཁོང་ཚོའི་མི་ཚེའི་རྩོལ་བ་དང་ཐ་ན་ཚེ་སྲོག་ཀྱང་སེར་སྣ་མེད་པར་ཕུལ་ཡོད་པ་དང་འབུལ་བཞིན་པ་ནི་ང་ཚོ་སུ་ཡིན་ཡང་རྗེས་སུ་ཡི་རང་ཞུ་དགོས་པ་ལོས་ཡིན། དེང་སང་རྒྱལ་ཁབ་ཕྱི་ནང་གི་རོགས་སྐྱོར་ལས་གཞི་སྒྲུབ་མཁན་གྱི་ཚོགས་པ་དང་མི་སྣ་རྣམས་ལ་མ་རྟོགས་དང་ལོག་རྟོགས་འཛིན་མཁན་དང་། ཐ་ན་ཐབས་བརྒྱ་ཇུས་སྟོང་གིས་བར་ཆད་གཏོང་མཁན་རྣམས་ཀྱི་བསམ་སྦྱོར་དང་བསྡུར་ན། ཁོ་ཚོའི་སེམས་རྒྱའི་བར་དུ་ས་དང་གནམ་གྱི་ཁྱད་པར་ཆེན་པོ་ཤོར་ཡོད་པ་ཡང་ངོ་མ་ཧང་སངས་དགོས་པའི་གནས་ཤིག་ཡིན་པ་དང་། མིའི་རིགས་སྔོན་སྐྱོད་ཀྱི་གོམས་ཁ་རེ་རེའི་ལྗིད་ཚད་དང་དཀའ་ཚད་ཀྱང་དེ་ནས་ཟུར་ཙམ་མཚོན་ཐུབ།

འདོད་ཆུང་ཆོག་ཤེས་ནི་ཁོང་གི་བསམ་སྤྱོད་བསྔགས་འོས་པ་གཞན་ཞིག་ཡིན་ཏེ། ཁོང་གིས་རྒྱལ་སྤྱིའི་ཐེབས་རྩའི་ཚོགས་པ་སྟོབས་འབྱོར་ཅན་ཞིག་གི་གཙོ་འགན་བཞེས་ཡོད་པས་རོགས་སྐྱོར་ལས་གཞིའི་ཆེད་དུ་ཀྲུང་གོའི་ས་གནས་མང་པོར་ཕེབས་དགོས་པ་བྱུང་དུས་འགྲོ་གྲོན་གྱི་ཆ་རྐྱེན་གང་ལེགས་ལྡན་པ་བཤད་མ་དགོས་མོད། ཁོ་རང་ནམ་ཡིན་ཡང་མགྲོན་ཁང་དཀྱིལ་མ་ཞིག་གི་ནང་དུ་བཞུགས་རྒྱུ་དང། ཞལ་ཟས་སྟབས་བདེ་ཞིག་ལ་རོལ་བ་དང་། ཞི་ཞིང་དུལ་བའི་བྱ་སྤྱོད་ཀྱིས་མི་རྣམས་ལ་འབྲེལ་འདྲིས་བྱས་པས། ཁོང་དང་འབྲེལ་འདྲིས་བྱུང་མཁན་སུ་ཞིག་ཡིན་ན་ཡང་། མི་ཆེན་ཞིག་དང་རྒྱུ་ཆེན་ཞིག་དང་ཡང་ན་སྦྱིན་བདག་ཅིག་གི་སྣང་ཚོར་གཏན་ནས་མཐོང་རྒྱུ་མེད་པར་མ་ཟད། དུས་དང་རྣམ་པ་ཀུན་ཏུ་བློས་ཐུབ་པའི་གྲོགས་པོ་ཞིག་དང་། བྱ་བ་ལ་ཡོ་ཟུར་མེད་པའི་ནན་ཏན་གནང་མཁན་གྱི་ལས་བྱེད་པ་ཞིག་གི་སྣང་ཚུལ་བསྟན་པས། ཐེངས་དང་པོར་ཞལ་མཇལ་ན་ཡང་རྩེད་མཚར་གྱིས་མི་སེམས་ལྷོད་ཡངས་སུ་བཏང་ནས་བྱ་བ་ཐམས་ཅད་ངང་གིས་འགྲུབ་ཐུབ་པ་ཞིག་ཡིན།

  ཉིས་སྟོང་བཅུ་བདུན་ལོའི་ཟླ་བརྒྱད་པའི་ཚེས་པ་ཉེར་དགུ་ལ། གྲོགས་མཆོག་

ཨེན་རིས་ཀོའི་ཚ་བོ་འཇམ་དཔལ་ཟེར་བ་ཕོ་གསར་ཉི་གཞོན་འདྲ་བོ་ཞིག་པེ་ཅིན་དུ་སླེབས་ནས་དྲོས་ཇ་མཉམ་དུ་འཐུང་། ཁོ་དང་མཉམ་དུ་ཨེན་རིས་ཀོའི་གནས་ཚུལ་ཡར་སྐྱར་གླེང་མོལ་ཙམ་བྱས་ནས་སེམས་སྡུག་གི་གནས་སུ་བསྐྱལ་མོད། ཧོ་ལན་རྒྱལ་ཁབ་ནས་དཔལ་འབྱོར་སྐོར་གྱི་ཞིབ་འཇུག་དང་སློབ་ཁྲིད་བྱེད་བཞིན་པའི་གཞོན་ནུ་དེའི་སློབ་སྦྱོང་གི་སེམས་ཤུགས་དང་རྣམ་དཔྱོད་ཀྱི་རྣོ་ངར་དེ་ཚོར་ནས་གྲོགས་མཆོག་ཨེན་རིས་ཀོ་ལ་རྗེས་འཛིན་པ་གཞན་དང་མ་མཚུངས་པ་ཞིག་ཡོད་པ་ཤེས་ནས་དགའ་སྤྲོ་ཆེན་པོས་བཏེགས།

རྡེལ་ལན་ཇི་ལོའི་ཁྱིམ་ཚང་ནང་དུ་བོད་དང་འབྲེལ་འདྲིས་ཆེན་པོ་ཡོད་པ་ཁོང་གཅིག་པུ་མ་མིན་པར་། ཁོང་གི་སྤུན་ཡ་ཨན་རྡི་རེ་ཟེར་བ་དེས་ཀྱང་ཨ་སིས་ཡ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་བཞེས་ནས་མགོ་དཀར་པོ་དང་མིག་དམར་པོར་གྱུར་རག་བར་དུ་བོད་ཀྱི་སློབ་གསོ་དང་། རིག་གནས། མྱུར་སྐྱོར་ལ་སོགས་པའི་སྐོར་ལ་རོགས་སྐྱོར་གྱི་ལས་གཞི་བསྒྲུབས་དང་སྒྲུབ་བཞིན་ཡོད། ཁོང་གི་ལྕམ་རྗ་ཀོ་མེལ་ལ་ཟེར་བ་ནི་ན་པོ་ལི་ཤར་ཕྱོགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་དཔོན་ཡིན་པས། མོ་རང་བོད་ཀྱི་རིག་གནས་སྐོར་ལ་རྒྱུས་མངའ་ཟབ་མོ་ཡོད་པ་དེ་ལས་ཀྱང་བཤད་མ་དགོས་པ་རེད། བུ་གཉིས་ཀྱང་བོད་དུ་ཐེངས་འགར་བསྐྱོད་དེ་ལྟ་སྐོར་བྱས་པ་དང་། བོད་ཀྱི་རིག་གནས་སྐོར་ལ་སྤྲོ་བ་ཆེན་པོ་བྱུང་ཡོད། གྲོགས་མཆོག་ཨེན་རིས་ཀོ་ལ་ཕྱི་དྲན་བྱས་པའི་ཡིག་ཚོགས་འདི་མཚམས་འདི་ནས་མཇུག་བསྡུ་དགོས་པ་བྱུང་མོད། ཁོང་གི་རྩེད་མཚར་གྱི་མཛུམ་ཞལ་དེ་དུས་ནམ་ཡང་ངའི་མིག་ལམ་ནས་འབྲལ་ཐབས་བྲལ། ཞེས་ཁོང་གི་བློས་ཐུབ་པའི་གྲོགས་པོ་སྟོང་སྐོར་ཚེ་རིང་ཐར་ནས་ཞུའོ།

Enrico dell’Angelo: a memoir by Tsering Thar