Announcement of the 17th Seminar of IATS

Announcement of the 17th International Association for Tibetan Studies Seminar

We have the pleasure to announce that the 17th International Association for Tibetan Studies (IATS) Seminar will be arranged in 2026 by the Himalaya Centre for Asian Studies (HiCAS), Kathmandu University (Nepal), under the auspices of the IATS. Professor Sagar Sharma (HiCAS) has accepted the appointment as the Chair (Convener) of the seminar.
The Seminar will take place in Dhulikhel (30 km east of Kathmandu) in July 2026. Precise dates will be announced later.

We hope many of you will be able to attend the seminar which will take place in Asia.

Yours sincerely,

Hanna Havnevik, President IATS,
Françoise Robin, Secretary General IATS

……………..

སྤྱི་ལོ་༢༠༢༦་ལོའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་བདུན་པའི་སྐོར་གྱི་གསལ་བསྒྲགས།

ང་ཚོས་སྤྲོ་སེམས་དང་བཅས་གསལ་བསྒྲགས་བྱ་རྒྱུ་ནི། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་བདུན་པ་སྤྱི་ལོ་༢༠༢༦་ལོར་བལ་ཡུལ་དུ་འཚོག་རྒྱུ་རེད། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་སྟངས་འཛིན་འོག་ཚོགས་འདུ་བཀོད་སྒྲིག་ཀཱ་ཋ་མཱཎྜོ་སློབ་གྲྭ་ཆེན་མོའི་ཧི་མ་ལའི་ཤར་གླིང་རིག་པའི་ལྟེ་གནས་ནས་བྱ་རྒྱུ་རེད། སློབ་དཔོན་ཆེན་མོ་སཱ་གར་ཤཱར་མ་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་པའི་ཐུགས་འགན་བཞེས་ཡོད་པ་དང་། ཚོགས་ཡུལ་ཡམ་བུ་སྟེ་ཀཱ་ཋ་མཱཎྜོ་ནས་སྤྱི་ལེ་སུམ་ཅུ་ཡོད་པའི་དྷུའུ་ལས་ཁཱེལ་ཡིན། ཚོགས་འདུ་ཚོགས་དུས་སྤྱི་ལོ་༢༠༢༦་ལོའི་ཟླ་བདུན་པའི་ནང་ཡིན་ལ། ཚེས་གྲངས་རྗེས་སུ་གཏན་འཁེལ་བྱ་རྒྱུ།

ཤར་གླིང་དུ་འཚོག་རྒྱུའི་ཚོགས་ཐེངས་འདིར་ཁྱེད་རྣམ་པ་གང་མང་ཚོགས་ཞུགས་གནང་ཐུབ་པར་ང་ཚོས་རེ་བ་བྱེད་བཞིན་ཡོད།

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་Hanna Havnevik་དང་། དྲུང་སྤྱི་Françoise Robin་གཉིས་ནས་བསམ་པ་རྣམ་དག་གིས་ཕུལ།