སྡོད་ཁང་ཐད་ཀྱི་གནས་ཚུལ།

གྲོས་ཚོགས་ཀྱི་ཚོགས་མིའི་སྡོད་ཁང་ཐད། ང་ཚོས་པིར་ཀིན་གྱི་མགྲོན་ཁང་དང་འགྲུལ་ཁང་མི་འདྲ་བ་བདུན་གྲ་སྒྲིག་བྱས་ཡོད་ཅིང་། སྤྱི་ཟླ་ལྔ་བའི་ཚེས་བཅོ་ལྔའི་བར་དུ་ང་ཚོས་ཆེད་དུ་བཟོས་ཡོད་པའི་དྲ་ངོས་(link) ལས་རང་ལ་འཚམ་པའི་ཁང་པ་མངགས་ཉོ་བྱ་ཆོག་སྟེ། ཁང་པ་མངགས་ཉོ་བྱ་བར་ངེས་པར་དུ་རང་ཉིད་ཀྱི་རྒྱལ་སྤྱིའི་བོད་རིག་པའི་ཐོ་འགོད་ཨང་གྲངས་མཁོ།

གཞན་སྡོད་ཁང་ཐད་ནས་དྲི་བ་ཡོད་ཚེ་འབྲེལ་གཏུག་བྱ་ཡུལ་ནི། Silje B. Holte in Fjell og Fjord Konferanser AS (ཁ་པར: +47 63 80 65 14 / ཡིག་ཟམ: silje@fjellogfjord-konferanser.no)

བོད་ཡིག་སྤྱོད་པའི་གྲོགས་པོ་ཚོར་མི་གསལ་བའི་ཆའམ་དྲི་བ་གང་རུང་ཡོད་ན་ང་ཚོའི་ཡིག་ཟམ་ iats2016@gmail.com བརྒྱུད་དེ་འབྲེལ་བ་བྱ་རྒྱུ་མཁྱེན།

མགྲོན་ཁང་དང་འགྲུལ་ཁང་གི་མིང་ནི་གཤམ་གསལ་ལྟར།

  1. Montana Family and Youth Hostel
  2. Fantoft Student Apartments
  3. City Apartment Hotel
  4. Radisson Blu Hotel Norge, Bergen
  5. Scandic Byparken
  6. P-Hotels Bergen
  7. Basic Hotel

མགྲོན་ཁང་དག་ནི་པིར་ཀིན་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་ཡོད་ཅིང་གྲོས་ཚོགས་འཚོགས་ས་དང་ཐག་ཉེ་བ་དང་། འགྲུལ་ཁང་གཉིས་ནི་གྲོང་ཁྱེར་གྱི་ཕྱི་རུ་ཡོད་དེ། སྤྱི་སྤྱོད་འགྲིམ་འགྲུལ་ལ་བསྡད་ན་སྐར་མ་བཅོ་ལྔ་ནས་ཉི་ཤུ་ཙམ་ལས་མི་དགོས། མགྲོན་ཁང་དག་གི་ས་གནས་གསལ་བའི་ས་ཁྲའི་དྲ་ངོས་སུ་འཇུག་གནས་ནི། (link)

MONTANA FAMILY AND YOUTH HOSTEL མོན་ཐ་ནཱ་འགྲུལ་ཁང་།

Montana reception Montana room

 

 

 

 

རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་ཞུགས་མི་སྣར་གྲ་སྒྲིག་བྱས་ཡོད་པའི་འགྲུལ་ཁང་གི་རིན་གོང་ནི།

  • མི་གཅིག་སྡོད་ས། ཁྲུས་ཁང་དང་གསང་སྤྱོད་སྒེར་ལ་ཡོད། ཞག་རེར་ནོར་ཝེའི་སྒོར་༥༥༠ཡིན།
  • མི་གཉིས་སྡོད་ས། ཁྲུས་ཁང་དང་གསང་སྤྱོད་སྒེར་ལ་ཡོད། ཞག་རེར་ནོར་ཝེའི་སྒོར་༨༦༠ཡིན།
  • མལ་ཁྲི་བཞི་ཅན་གྱི་ཁང་པ། ཁྲུས་ཁང་དང་གསང་སྤྱོད་སྒེར་ལ་ཡོད། ཞག་རེའི་སྤྱིའི་རིན་གོང་ནོར་ཝེའི་སྒོར་༡༣༢༥ཡིན།
  • མལ་ཁྲི་བཞི་ཅན་གྱི་ཁང་པ། ཁྲུས་ཁང་དང་གསང་སྤྱོད་ཐུན་མོང་དུ་སྤྱོད་པ། ཞག་རེའི་སྤྱིའི་རིན་གོང་ནོར་ཝེའི་སྒོར་༡༣༢༥ཡིན། ཐུན་མོང་ཁྲུས་ཁང་དང་གསང་སྤྱོད་ནི་ཁང་པའི་བར་ཁྱམས་སུ་ཡོད།

གསལ་འདེབས་བྱ་རྒྱུ་ཞིག་ལ། གོང་དུ་བཀོད་པའི་རིན་གོང་དེ་དག་ནི་ཁང་པ་སྤྱིའི་རིན་གོང་ཡིན་པ་དང་དེར་ནངས་ཇ་དང་མལ་ཆས་སོགས་ཀྱང་ཚུད། གལ་ཏེ་ཁྱེད་ཀྱིས་མལ་ཆས་བརྗེ་པོ་རྒྱག་ཏུ་འཇུག་འདོད་ན། མགྲོན་ཁང་ལ་ནོར་ཝེའི་སྒོར་༥༠སྤྲོད་དགོས། མི་གཉིས་སྡོད་ས་དང་མལ་ཁྲི་བཞི་ཅན་གྱི་ཁང་པར་མོས་པའི་གྲོགས་པོ་ཚོས་རང་ས་ནས་ཚོགས་བསྒྲིག་རྒྱུ་མཁྱེན། 

Montana འགྲུལ་ཁང་ནི་མཛེས་ཤིང་སྡུག་པའི་རི་བོ་ཨཱོལ་རེ་ཁིན་(Mount Ulriken) གྱི་ངོས་སུ་ཆགས་ཤིང་། པིར་ཀིན་གྱི་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ལྟེ་གནས་(Bergen Busstasjon) ནས་ Montana འགྲུལ་ཁང་བར་སྐར་མ་༡༥ཙམ་གྱིས་སྐྱོད་དགོས། འབབ་ཚུགས་སྟེགས་བུ་ B (platform B) ནས་སྤྱི་སྤྱོད་རླངས་འཁོར་ཨང་གྲངས་༡༢*Montana*ཞེས་པར་བསྡད་ན་འགྲིག གཞན་གཟའ་འཁོར་གཅིག་གི་ཡུན་ལ་འདང་བའི་སྤྱི་སྤྱོད་འགྲིམ་འགྲུལ་པ་སེའི་རིན་གོང་ནི་ནོར་ཝེའི་སྒོར་༢༤༠ ཡིན་པ་དང་སློབ་མར་སྒོར་༡༤༥ཡིན།

FANTOFT འགྲུལ་ཁང་ངམ་སློབ་མའི་མལ་ཁང་།

Fantoft building

 

 

 

 

 

 

མི་གཅིག་སྡོད་སའི་ཁང་པར་ཉིན་དྲུག་གི་ཡུན་ལ་ནོར་ཝེའི་སྒོར་༤༠༠༠ཡིན། ནངས་ཇ་མི་ཚུད། མལ་ཆས་ཡོད་པ་དང་ཐུན་མོང་གི་ཇ་ཁང་ཞིག་ཀྱང་ཡོད། ལག་ཕྱིས་རང་རང་གིས་འཁྱེར་ཡོང་དགོས།

Fantoft ནི་སློབ་མའི་མལ་ཁང་ཡིན་པ་དང་པིར་ཀིན་གྲོང་ཁྱེར་གྱི་དཀྱིལ་དབུས་ནས་སྤྱི་ལེ་༥ཙམ་གྱི་སར་ཡོད ཅིང་། མེ་འཁོར་ལ་བསྡད་ནས་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་སླེབས་པར་སྐར་མ་ཉི་ཤུའི་ཡུན་ཡིན།

CITY APARTMENT HOTEL མགྲོན་ཁང་།

City Apartment Hotel buildingCity Apartment Hotel room

 

 

 

 

 

མི་གཅིག་སྡོད་སའི་ཁང་པ། ཉིན་གཅིག་ལ་ནོར་ཝེའི་སྒོར་༦༩༩ཡིན་པ་དང་། ནངས་ཇ་མི་ཚུད། མལ་ཆས་དང་ལག་ཕྱིས་ཡོད། ཁང་པའི་ནང་ཇ་ཁང་ཆུང་ཆུང་གཅིག་ཡོད།

RADISSON BLU HOTEL NORGE, BERGEN མགྲོན་ཁང་།

Hotel Norge buildingHotel Norge swimming pool

 

 

 

 

 

མགྲོན་ཁང་འདིར་མི་གཅིག་སྡོད་སའི་ཁང་པར་ཉིན་གཅིག་ལ་ནོར་ཝེའི་སྒོར་༡༤༢༠ཡིན་པ་དང་། མི་གཉིས་སྡོད་སར་ཉིན་གཅིག་ལ་སྒོར་༡༦༣༠ཡིན། ནངས་ཇ་ཚུད། མལ་ཆས་དང་ལག་ཕྱིས་སོགས་ཡོད། 

SCANDIC BYPARKEN མགྲོན་ཁང་།

Scandic Byparken building Scandic Byparken room

 

 

 

 

 

མགྲོན་ཁང་འདིར་མི་གཅིག་སྡོད་ས་ལ་ཞག་རེར་ནོར་ཝེའི་སྒོར་༡༤༢༠ དང་། མི་གཉིས་སྡོད་སར་ཞག་རེར་ནོར་ཝེའི་སྒོར་༡༦༢༠ ཡིན། ནངས་ཇ་ཚུད། མལ་ཆས་དང་ལག་ཕྱིས་སོགས་ཡོད། 

P-HOTELS མགྲོན་ཁང་།

P-Hotel Bergen buildingP-Hotel Bergen double room

 

 

 

 

མགྲོན་ཁང་འདིར་མི་གཅིག་སྡོད་ས་ལ་ཞག་རེར་ནོར་ཝེའི་སྒོར་༡༢༥༠ དང་། མི་གཉིས་སྡོད་སར་ཞག་རེར་ནོར་ཝེའི་སྒོར་༡༣༥༠ ཡིན། སྟབས་བདེའི་ནངས་ཇ་ཚུད། མལ་ཆས་དང་ལག་ཕྱིས་སོགས་ཡོད། 

BASIC HOTEL མགྲོན་ཁང་།

Basic hotel reception Basic hotel room

 

 

 

 

 

མགྲོན་ཁང་འདིར་མི་གཅིག་སྡོད་ས་ལ་ཞག་རེར་ནོར་ཝེའི་སྒོར་༩༩༥ དང་། མི་གཉིས་སྡོད་སར་ཞག་རེར་ནོར་ཝེའི་སྒོར་༡༢༩༥ ཡིན། ནངས་ཇ་མི་ཚུད། མལ་ཆས་དང་ལག་ཕྱིས་སོགས་ཡོད།


Warning: count(): Parameter must be an array or an object that implements Countable in /home/iatsinfo/public_html/wp/wp-includes/class-wp-comment-query.php on line 405