Seminar | Place | Convener | Dates |
---|---|---|---|
1st IATS Seminar | Ethnographic Museum of the University of Zürich, Zürich | Per Kværne, Martin Brauen | JUN 26 – JUL 1, 1977 |
2nd IATS Seminar | St John’s College, Oxford | Michael Aris | JUL 1 – 7, 1979 |
3rd IATS Seminar | Columbia University, New York | Barbara Nimri Aziz | JUL 25 – 31, 1982 |
4th IATS Seminar* | Schloss Hohenkammer, Munich | Helga Uebach, Jampa L. Panglung | JUL 21 – 27, 1985 |
5th IATS Seminar | Naritasan Institute for Buddhist Studies, Narita | Zuihō Yamaguchi, Shōren Ihara | AUG 27 – SEP 2, 1989 |
6th IATS Seminar | ICRHC (Oslo), Fagernes | Per Kværne | AUG 21 – 28, 1992 |
7th IATS Seminar | IKGA (Wien), Schloss Seggau | Ernst Steinkellner | JUN 18 – 24, 1995 |
8th IATS Seminar | Indiana Bloomington University, Bloomington | Elliot Sperling | JUL 25 – 31, 1998 |
9th IATS Seminar | Leiden University, Leiden | Henk Blezer | JUN 24 – 30, 2000 |
10th IATS Seminar | St Hugh’s College, Oxford | Charles Ramble | SEP 6 – 12, 2003 |
11th IATS Seminar | Bonn University (Seminar for Central Asian Studies), Königswinter | Peter Schwieger | AUG 27 – SEP 2, 2006 |
12th IATS Seminar | University of British Columbia, Vancouver | Tsering Shakya | AUG 15 – 21, 2010 |
13th IATS Seminar | Mongolian Academy of Sciences & National University of Mongolia, Ulanbaatar | S. Chuluun (MAS), D. Bum-Ochir (NUM), U. Bulag (Cambridge), U. Roesler (Oxford) | JUL 21 – 27, 2013 |
14th IATS Seminar | University of Bergen, Bergen | Hanna Havnevik | JUN 19 – 25, 2016 |
15th IATS Seminar | INALCO, CNRS, EPHE & EFEO, Paris | Fabienne Jagou, Matthew Kapstein, Françoise Pommaret, Françoise Robin, Nicolas Sihlé | JUL 7 – 13, 2019 |
16th IATS Seminar | Charles University (Faculty of Arts) & Oriental Institute of the Czech Academy of Sciences, Prague | Daniel Berounský, Jarmila Ptáčková | JUL 3 – 9, 2022 |
17th IATS Seminar | Dulikhel | 2026 |
Recent Posts
ཕྱི་ལོ་ ༢༠༢༦ ལོའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་ཚོགས་ཐེངས་བཅུ་བདུན་པར་འབུལ་ཡིག་དང་ལེན་གྱི་འབོད་སྐུལ།
གུས་ཤིང་བརྩེ་བའི་ལས་རོགས་རྣམ་པ་ཚོར་ཞུ་རྒྱུར།
བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་རུ་འཚོག་ལ་ཉེ་བའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་ལ་དོན་གཉེར་ཅན་གྱི་མཁས་དབང་རྣམ་པ་ཚོའི་གྲོས་འཆར་གྱི་འབུལ་ཡིག་རྣམས་ད་ལྟ་ང་ཚོས་དང་ལེན་ཞུ་ཆེད་དུ་མགྲོན་འབོད་ཞུ་བཞིན་ཡོད། (བགྲོ་གླེང་ཚོགས་དུས་ནི། ཕྱི་ལོ་ ༢༠༢༦ ལོའི་ཕྱི་ཟླ་ ༨ པའི་ཚེས ༢༣ ནས་༢༩ བར་ཡིན།) བགྲོ་གླེང་གི་ཚོགས་འདུ་འདི་ཀ་ཐ་མན་གྲུ་གཙུག་ལག་སློབ་གྲྭ་ཆེན་མོའི་ཧི་མ་ལ་ཡ་ཨེ་ཤི་ཡའི་རིག་གནས་ལྟེ་གནས་ཁང་(HiCAS) དང་ཀ་ཐ་མན་གྲུ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་པའི་ཆོས་རིག་(KU-CBS at RYI) ལྟེ་གནས་ཁང་རང་བྱུང་ཡེ་ཤེས་སློབ་གླིང་གཉིས་ཀྱིས་གཙོ་སྐྱོང་ཞུ་རྒྱུ་ཡིན།
ཐོ་འགོད་ལས་རིམ་གྱི་སྒོ་མོ་ཕྱེ་ཟིན། ཁྱེད་ཀྱིས་ཚོགས་ཆུང་གི་བརྗོད་གཞིའམ་རང་ངོས་ཀྱི་རྩོམ་ཡིག་རྣམས་ཕྱི་ལོ་ ༢༠༢༥ ཟླ་ ༩ པའི་ཚེས་༡༥ ནང་ཚུད་འབུལ་དགོས་།
ཐོ་འགོད་དེ་Conftool གྱི་མ་ལག་ཏུ་ཡོད་པ་དང་དེར་དབྱིན་ཇིའི་སྐད་ཡིག་དང་བོད་ཀྱི་སྐད་ཡིག་གཉིས་ཀ་སྤྱོད་ཆོག གསལ་བཤད་ཞུ་རྒྱུར། མཉམ་ཞུགས་བྱེད་པོ་ཚང་མས་Conftool ནང་ངེས་པར་དུ་ཐོ་ཁོངས་ས་དམིགས་གསར་པ་བཟོ་དགོས། གྲོས་འཆར་གོང་འབུལ་གནང་རོགས།
༡། Conftool ནང་གི་ཐོ་ཁོངས་སུ་དེབ་སྐྱེལ་བྱེད་དགོས། འདིར།
༢། ཁྱེད་ཀྱི་གྲོས་གཞིའམ་གྲོས་འཆར་གོང་འབུལ་བྱོས། (ལམ་སྟོན་དགོས་ཚེ་གཤམ་གྱི་དྲྭ་ཚིགས་འདིའི་ནང་རྙེད་ཐུབ། Kathmandu IATS 2026 website)
གོང་འབུལ་གྱི་འགེངས་ཤོག་འགེངས་བར་དབྱིན་ཡིག་དང་བོད་ཡིག་གང་རུང་སྤྱོད་རོགས་ཞུ།
ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༡ པོའི་ཚེས་ ༡༥ ཚུན་ཆད་དུ་ཁྱེད་ཀྱི་གྲོས་གཞིའམ་གྲོས་འཆར་ངོས་ལེན་བྱུང་ཡོད་མེད་ཀྱི་ཆ་འཕྲིན་ཞིག་འབྱོར་ངེས།
དེ་རྗེས་ཁྱེད་ལ་མཐའ་མཇུག་ཏུ་ཚོགས་འདུར་མཉམ་བཞུགས་ཀྱི་ཐོ་འགོད་ལེགས་གྲུབ་ཀྱི་གཏན་ཁེལ་གྱི་དྲི་བ་འབྱོར་མཚམས་སུ་ཚོགས་འདུའི་གླ་ཡོན་དངུལ་བབས་གཏོང་གནང་མཛད་དགོས།
ཚོགས་འདུའི་དངུལ་བབས་ཡུ་རོབ་ཀྱི་སྒོར་མོ་ ༣༥༠ ཙམ་ཡིན། ཐོ་འགོད་གླ་ཡོན་དངུལ་བབས་ནང་དུ་ཚོགས་འདུ་འཚོག་པའི་དུས་ཡུན་རིང་ཉིན་གུང་གསོལ་ཚིགས་ཀྱང་ཚུད་ཡོད། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་བཅར་བ་རྣམས་ཀྱི་ཡར་མར་འགྲིམ་འགྲུལ་དང་སྡོད་གནས་ཀྱི་འགྲོ་གྲོན་སོགས་དོ་བདག་རང་ངོས་ནས་འགན་ལེན་དགོས། ཐོ་འགོད་ཁ་སྣོན་གླ་ཡོན་འདས་ཟིན་པའི་ལོ་དུས་རྣམས་དང་གཅིག་མཚུངས་ཡིན།
ང་ཚོས་ཚོགས་འདུ་འཚོག་ཡུལ་དང་ས་ཐག་ཉེ་བར་ཡོད་པའི་བཞུགས་གནས་མགྲོན་ཁང་སོགས་ཀྱི་མིང་ཐོ་ཟུར་དུ་མཁོ་སྤྲོད་བྱེད་ཀྱི་ཡིན། བཞུགས་གནས་མགྲོན་ཁང་སོགས་ཀྱི་མིང་ཐོ་དེ་ཚོ་གཤམ་གྱི་དྲྭ་ཚིགས་ནང་དུ་རྙེད་ཐུབ། Kathmandu IATS 2026 website.
ཧི་མ་ལ་ཡའི་ས་ཁུལ་ནས་ཡིན་པའི་མཁས་པ་ཡིན་པ་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་ཚོར་རོགས་རམ་ཕྲན་བུ་རེ་ཡོད། དེ་མིན་ལྟ་སྐོར་དང་རིག་གནས་ལས་རིམ་སོགས་ཡོད་པའི་རིན་པ་ཁ་སྣོན་གནང་དགོས། རིག་གནས་སྤྱན་འབུལ་སོགས་རྗེས་སུ་བརྡ་ཁྱབ་བྱེད་ཀྱི་ཡིན།
ཞིབ་ཕྲའི་གནས་ཚུལ་ཁྱེད་རྣམས་ལ་གང་མགྱོགས་ཞུ་རྒྱུ།
ཚོགས་འདུ་འཚོག་ཡུལ་ཧཡེཌི་རིཇྷན་སིའི་གསོལ་མགྲོན་ཁང་དང་ཉེ་འདབས་ཀྱི་ཏཱ་ར་གྷའུང་འགྲེམ་སྟོན་ཁང་དུ་ཡིན། ས་ཁུལ་འདི་འཛམ་གླིང་གི་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་པའི་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ནས་རྐང་ཐང་དུ་ཕེབས་ན་སྐར་མ་ལྔ་ཙམ་མ་གཏོགས་འགོར་གྱི་མེད།
ས་གནས་དེའི་མཐའ་འཁོར་ལ་ཧི་མ་ལ་ཡའི་རིག་གནས་ཀྱི་ཁོར་ཡུག་གི་སྒོ་མོ་ཕྱེ་ཡོད་ཙང་དེར་ལྟ་ཆོག་པའི་གོ་སྐབས་ཀྱང་ཡོད། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ས་ཁུལ་དེར་འཐུས་སྒོ་ཚང་བའི་གནས་མལ་དང་ཟ་ཁང་སོགས་རང་རང་གི་འཆར་དངུལ་བཞིན་གདམ་ག་མང་དག་ཡོད། མ་ཟད་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ས་ཁུལ་ནི་ཀ་ཐ་མན་གྲུ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་པའི་ཆོས་རིག་ལྟེ་གནས་ཁང་རང་བྱུང་ཡེ་ཤེས་སློབ་གླིང་ཁང་གི་ཆགས་ཡུལ་ཡང་ཡིན། སློབ་གླིང་ཁང་འདི་ནི་བཀའ་རྙིང་བཤད་སྒྲུབ་གླིང་དགོན་པའི་ནང་དུ་ཡོད།
༈ འཛམ་གླིང་གི་རིག་གནས་ཤུལ་བཞག་གི་གནས་ཆེན།

༈ ཧཡེ་ཌི་རི་ཇྷན་སིའི་གསོལ་མགྲོན་ཁང་།

༈ ཏཱ་ར་གྷའུང་འགྲེམ་སྟོན་ཁང་།

༈ ཀ་ཐ་མན་གྲུ་གཙུག་ལག་སློབ་གྲྭ་ཆེན་མོ།

༈ ཀ་ཐ་མན་གྲུ་གཙུག་ལག་སློབ་ཆེན་གྱི་ནང་པའི་ཆོས་རིག་ལྟེ་གནས་རང་བྱུང་ཡེ་ཤེས་སློབ་གླིང་།

ཁྱེད་ལ་འདྲི་རྩད་གང་རུང་ཡོད་ཚེ་ང་ཚོར་འབྲེལ་གཏུག་གནང་རོགས། Kathmandu IATS 2026 e-mail.
ཀ་ཐ་མན་གྲུ་རུ་མྱུར་དུ་མཇལ་ཡོང་།
- 17th IATS Seminar 2026 – Call for Submissions Comments Off on 17th IATS Seminar 2026 – Call for Submissions
- In Memoriam: Michael Ium (1984–2025) Comments Off on In Memoriam: Michael Ium (1984–2025)
- In Memoriam: The Gyalrong Kuzhap—Professor Tsanlha Ngawang (1930–2025) Comments Off on In Memoriam: The Gyalrong Kuzhap—Professor Tsanlha Ngawang (1930–2025)
- Second announcement of the 17th Seminar of the International Association for Tibetan Studies Comments Off on Second announcement of the 17th Seminar of the International Association for Tibetan Studies
- In Memoriam: Jeffrey Hopkins (1940–2024) Comments Off on In Memoriam: Jeffrey Hopkins (1940–2024)
- News from the IATS: autumn 2023 Comments Off on News from the IATS: autumn 2023
- First announcement of the 17th Seminar of IATS Comments Off on First announcement of the 17th Seminar of IATS
- In Memoriam: Zuihō Yamaguchi (1926–2023) Comments Off on In Memoriam: Zuihō Yamaguchi (1926–2023)
- རྒན་དབྱངས་དགའ་དམ་པའི་མི་ཚེ་དང་མྱ་ངན་ཞུ་ཚིག (༡༩༦༤- ༢༠༢༢) Comments Off on རྒན་དབྱངས་དགའ་དམ་པའི་མི་ཚེ་དང་མྱ་ངན་ཞུ་ཚིག (༡༩༦༤- ༢༠༢༢)