IATS 2022 CfP deadline extended

Dear colleagues,

we would like to thank all of you who have already submitted a proposal for the upcoming IATS Seminar. We received so many interesting and cutting edge research topics! And since some of you have contacted us in regards to the extension of the submission deadline, we are now officially extending the deadline to the 30th of September. So those of you who were not yet able to submit your topics, please do it so in the near future.

Good luck during the review process and see you soon in Prague!

IATS 2022 team

༄༅། །བཀུར་འོས་མཁྱེན་ལྡན་རྣམས་ལ་ཆེད་གསོལ།

འཆར་ལོའི་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཆེད་དེ་སྔོན་དཔྱད་རྩོམ་སྙིང་དོན་གོང་འབུལ་གནང་ཟིན་པ་ཀུན་ལ་འདི་གའི་གོ་སྒྲིག་ཚོགས་པ་ནས་ཐུགས་རྗེ་ཆེ་ཞུ། ད་ལམ་ང་ཚོར་གསར་དཔྱད་ཀྱི་རང་བཞིན་ལྡན་པ་དང་ཡིད་འགུལ་ཐེབས་པའི་བརྗོད་བྱ་མང་པོ་འབྱོར་སོང་། འོན་ཀྱང་མཁྱེན་ལྡན་རེ་འགས་དཔྱད་རྩོམ་སྙིང་དོན་གོང་འབུལ་ཞུ་བའི་དུས་བཀག་བཅད་མཚམས་དེ་ཕྱི་སྣུར་ཡོང་ཐབས་རེ་སྐུལ་གནང་བ་ལ་བརྟེན་ནས་འདི་ནས་ང་ཚོས་ཀྱང་གཞུང་འབྲེལ་གྱིས་༢༠༢༡ལོའི་ཟླ་བ་༩པའི་ཚེས་༣༠བར་དུས་བཀག་བཅད་མཚམས་དེ་དུས་འགྱངས་བཏང་ཡོད་པས། དེ་སྔོན་དཔྱད་རྩོམ་སྙིང་དོན་གོང་འབུལ་ཞུ་མ་ཐུབ་པ་རྣམས་ཀྱིས་གང་མགྱོགས་སུ་གོང་འབུལ་གནང་བར་འབོད་སྐུལ་ཞུ་བཞིན་ཡོད།

ཁྱེད་ཀྱི་དཔྱད་རྩོམ་སྙིང་དོན་འདེམས་ཐོན་ཡོང་བ་དང་པ་རག་ནས་མཇལ་བའི་རེ་སྨོན་ཡོད།

འཚོགས་ཐེངས་བཅུ་དྲུག་པའི་གོ་སྒྲིག་ཚོགས་པ་ནས།

༢༠༢༢ ལོར་རྒྱལ་སྤྱི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་འཚོགས་ཐེངས་བཅུ་དྲུག་པའི་ཆེད་དཔྱད་རྩོམ་སྙིང་བསྡུས་གོང་འབུལ་གྱི་འབོད་བརྡ།

༄༅། །མཁྱེན་ལྡན་རིག་པའི་གྲོགས་མཆེད་ལགས།

ང་ཚོས་འདི་ནས་ད་ལམ་ཐུགས་སྣང་ཅན་གྱི་ཞིབ་འཇུག་པ་ཚོར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་ཕྱི་ལོ་ ༢༠༢༢ ལོའི་ཟླ་བ་ ༧ པའི་ཚེས་ ༣ ནས་ ༡༠ བར་འཚོགས་གཏན་ཁེལ་བའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་འཚོགས་ཐེངས་བཅུ་དྲུག་པའི་ཆེད་རང་གི་དཔྱད་རྩོམ་སྙིང་བསྡུས་དེ་གོང་འབུལ་ཞུ་བར་བརྡ་འབོད་གཏོང་བཞིན་ཡོད། འཚོགས་ཐེངས་འདི་ཉིད་ཆར་ལེ་སི་གཙུག་ལག་སློབ་གྲྭ་ཆེན་མོའི་རིག་གནས་སློབ་གཉེར་སྡེ་ཚན་དང་ཅེག་ཚན་རིག་སློབ་གཉེར་ཁང་གི་ཤར་ཕྱོགས་རིག་པའི་སྡེ་ཚན་ཟུང་གིས་གོ་སྒྲིག་ཞུ་བཞིན་ཡོད།

འཚོགས་འདུའི་དེབ་སྐྱེལ་གྱི་ལས་རིམ་དེ་སྒོ་བཙུགས་ཡོད་པས། ད་ནས་བགྲོ་གླེང་ཚན་ཆུང་གི་འཆར་ཟིན་དང་སྒེར་གྱི་དཔྱད་རྩོམ་སྙིང་བསྡུས་རྣམས་གོང་འབུལ་ཞུ་ཆོག་པ་དང་། གོང་འབུལ་ཞུ་ཆོག་པའི་དུས་བཀག་བཅད་མཚམས་ནི་ཕྱི་ལོ་ ༢༠༢༡ ལོའི་ཟླ་བ་ ༩ པའི་ཚེས་ ༡༥ བར་དུ་ཡིན།

དེབ་སྐྱེལ་དེ་(Conftool)ཞེས་པའི་དྲ་རྒྱའི་མ་ལག་གིས་གོ་སྒྲིག་གནང་ཡོད་ཅིང་། མ་ལག་དེ་ཉིད་དབྱིན་ཡིག་དང་བོད་ཡིག་གཉིས་ཀའི་ཐོག་ཏུ་ཡོད། དཔྱད་རྩོམ་སྙིང་བསྡུས་དང་བགྲོ་གླེང་ཚན་ཆུང་གི་འཆར་ཟིན་གོང་འབུལ་ཞུ་བ་ལ།

༡༽ འདི་ནས་(Conftool)གྱི་ནང་དུ་ཐོ་ཁོངས་ས་དམིགས་ཤིག་བཟོས་གནང་རོགས།

༢༽ དཔྱད་རྩོམ་སྙིང་བསྡུས་དང་ཡང་ན་བགྲོ་གླེང་ཚན་ཆུང་གི་འཆར་ཟིན་གོང་འབུལ་གནང་རོགས།(ལམ་སྟོན་དགོས་མཁོ་བྱུང་ཚེ་ ༢༠༢༢ ལོའི་པ་རག་གི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་གི་དྲ་བྱང་ཐོག་དབྱིན་བོད་གཉིས་ཐོག་ནས་ཡོད།)

དབྱིན་ཡིག་དང་བོད་ཡིག་གང་རུང་བཀོལ་ནས་གོང་འབུལ་གྱི་འགེང་ཤོག་དེ་བཀང་གནང་རོགས།

ཁྱེད་ཀྱི་འཆར་ཟིན་དང་དཔྱད་རྩོམ་སྙིང་བསྡུས་དེ་ངོས་ལེན་བྱུང་བའི་སྐོར་གྱི་བརྡ་ལན་ནི་ཕྱི་ལོ་ ༢༠༢༢ ལོའི་ཟླ་བ་ པོའི་ཚེས་༣༡ འགྱངས་མེད་འབྱོར་ངེས་རེད། དེ་མཚམས་ཚོགས་འདུར་མཉམ་ཞུགས་ཆེད་མཐའ་མའི་དེབ་སྐྱེལ་མཇུག་སྐྱོང་ཡོང་བ་དང་། ཚོགས་དོད་གླ་རིན་འབུལ་ཕྱོགས་ལམ་སྟོན་ཡོང་གི་རེད།

སྔོན་རྩིས་བརྒྱབ་པའི་བགྲོ་གླེང་གི་ཚོགས་དོད་དམ་དེབ་སྐྱེལ་གྱི་གླ་རིན་ནི་ཅེག་སྒོར་༥༨༠༠(ཡུ་སྒོར་༢༣༠)ཡིན། དེའི་ཁོངས་སུ་ཚོགས་འདུ་ཧྲིལ་པོའི་རིང་གི་ཉིན་གུང་བཞེས་ལག་གི་དོད་ཀྱང་ཚུད་ཡོད། དེབ་སྐྱེལ་གྱི་གླ་རིན་དེའི་ཐོག །དོ་བདག་སོ་སོའི་འགྲིམ་འགྲུལ་དང་། བཞུགས་གནས་གོ་སྒྲིག དེ་བཞིན་མགྲོན་ཁང་གི་གླ་རིན་རྣམས་ཚོགས་ཞུགས་པ་རང་ངོས་ནས་ཐུགས་འགན་བཞེས་དགོས་པ་ཡིན། ང་ཚོས་བགྲོ་གླེང་འཚོགས་ཡུལ་གྱི་ཉེ་འཁྲིས་སུ་ཡོད་པའི་བཞུགས་གནས་མགྲོན་ཁང་ཁག་གི་ཐོ་གཞུང་ཞིག་ལོགས་སུ་མཁོ་སྤྲོད་གསལ་བསྒྲགས་ཞུ་ངེས་ཡིན། ཐོ་གཞུང་དེ་ཉིད་པ་རག་གི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་གི་དྲ་བྱང་ཐོག་ཏུའང་འཇོག་གི་རེད།

དཔལ་འབྱོར་གྱི་འཁོས་བབ་ཞན་པའི་ཞིབ་འཇུག་པ་དང་བོད་ནས་ཕེབས་པའི་ཞིབ་འཇུག་པ་རྣམས་གདམ་གཞིར་བཟུང་ནས་ཚོགས་དོད་མཐུན་འབྱོར་གྱི་གྲངས་ཚད་ཉུང་ངུ་ཞིག་ཀྱང་གྲ་སྒྲིག་ཡོད། ཡུལ་སྐོར་དང་གཞན་ཡང་རིག་གཞུང་འཁྲབ་སྟོན་ཡང་གོ་སྒྲིག་བྱ་ངེས་ཡིན་ཡང་དེའི་གླ་རིན་འཕར་མ་འབུལ་དགོས། རིག་གཞུང་འཁྲབ་སྟོན་གྱི་སྐོར་དེ་རྗེས་སུ་གསལ་བསྒྲགས་ཞུ་ངེས་ཡིན།

བགྲོ་གླེང་འཚོགས་ཡུལ་གཙོ་བོ་ནི་ཆར་ལེ་སི་གཙུག་ལག་སློབ་གྲྭ་ཆེན་མོའི་རིག་གནས་སློབ་གཉེར་སྡེ་ཚན་གྱི་གཞུང་ལས་ཐོག་ཁང་གཙོ་བོ་(ཡ་ནཿཔ་ལ་ཁྷཿཐང་། ༢ པ་རག ༡)དེ་ཡིན།

 ད་ལྟའི་ནད་ཡམས་ཀྱི་གནས་སྟངས་ལ་གཞིགས་ན་འཚོགས་ཡུལ་དང་འགྲིམ་འགྲུལ་ལ་འབྲེལ་བ་ཡོད་པའི་འགྱུར་བ་དང་དཀའ་ངལ་ཁག་གཅིག་འཕྲད་སྲིད་པར་ཤེས་ཚོར་ཡོང་གི་འདུག་པས། ང་ཚོས་གནས་སྟངས་ལ་ལ་བབས་ལྟ་བྱས་ཏེ་འགྲིམ་འགྲུལ་ལ་ཉེ་བར་མཁོ་བ་གནས་ཚུལ་འཕར་མའི་ཐོ་གཞུང་སྐབས་མཚམས་སོ་སོར་པ་རག་གི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་གི་དྲ་བྱང་ཐོག་ཏུ་ཁ་གསབ་བྱ་བར་འབད་རྩོལ་ཞུ་ངེས་ཡིན། དེ་ལྟར་ནའང་གནས་ཚུལ་འདིའི་སྐོར་རང་རང་དང་འབྲེལ་བའི་དབང་འཛིན་མི་སྣའི་བརྒྱུད་ནས་ངེས་བརྟན་བཟོ་དགོས་པའི་འགན་འཁྲི་དེ་ཚོགས་ཞུགས་པ་རང་ཉིད་ལ་ཡོད།

བཀའ་འདྲི་ཞུ་དགོས་པ་གང་ཞིག་མཆིས་ཚེ་ ༢༠༢༢ ལོར་པ་རག་གི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་གི་གློག་འཕྲིན་ཁ་བྱང་བརྒྱུད་ནས་ང་ཚོར་འབྲེལ་བ་གནང་རོགས།

 པ་རག་ཏུ་མཇལ་ཡོང་།

16th IATS Seminar 2022 – Call for Submissions

Dear Colleagues,

We are now inviting interested scholars to submit their proposals for the 16th IATS Seminar, which will be held in Prague, Czech Republic, Prague (3–9 July 2022) and hosted by the Faculty of Arts, Charles University and the Oriental Institute of the Czech Academy of Sciences.

The registration program is now open. You can submit a panel proposal or an individual paper. The deadline for submission is September 15, 2021.

The registration is hosted by Conftool and is available in English and Tibetan. To submit a proposal, please:

  1. create an account in Conftool here;
  2. submit your proposal (if necessary, instructions in English and Tibetan are available on the Prague IATS 2022 website).

Please use English or Tibetan to fill out the submission form.

You will receive information about the acceptance of your proposal by January 31, 2022.
You will then be asked to complete the final registration of participation and transfer the conference fee payment.

The anticipated registration fee for the Seminar is 5800 CZK (ca. 230 EUR). The registration fee includes lunches throughout the conference. IATS attendees will be responsible for their own transportation, arrangement of accommodation, and accommodation costs, in addition to the registration fee. We will provide a list of available lodging options close to the venue in a separate announcement. The list will also be available on the Prague IATS website.

A small number of fellowships will be available, with preference given to scholars from Tibetan areas and to financially disadvantaged scholars. Sightseeing and further cultural programs will also be available but at additional cost. The cultural offers will be announced later.

The principal venue for the Seminar will be the main building of the Faculty of Arts of Charles University (nám. Jana Palacha 2, Prague 1).

With regard to the current pandemic situation, we are aware that there may be certain difficulties and changes connected to travel and the venue. We will follow the situation and try to maintain an updated list of additional travel requirements on the Prague IATS 2022 website. However, the attendees are responsible to confirm this information with the respective authorities.

For any inquiries please contact us via the Prague IATS 2022 e-mail.


See you in Prague!

16th IATS Seminar 2022 – First Announcement

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་འཚོགས་ཐེངས་བཅུ་དྲུག་པ།

འཚོགས་ཡུལ། པ་རག ཅེག་སྤྱི་མཐུན་རྒྱལ་ཁབ།

འཚོགས་ཡུན། ཕྱི་ལོ་(༢༠༢༢)ཟླ་བ་(༧)པའི་ཚེས་(༣)ནས་(༩)བར།

16th IATS Seminar

Prague, Czech Republic, July 3–9, 2022


གསལ་བསྒྲགས་ཐོག་མ།

First Announcement


རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་འཚོགས་ཐེངས་བཅོ་ལྔ་པ་དེ་བརྗིད་ཉམས་དང་། སྤུས་གཙང་གི་ཕྱུར་བ། རྒུན་ཆང་སྤུས་ལེགས་བཅས་ཡིད་དབང་འཕྲོག་པའི་ཁོར་ཡུག་ཏུ་མགྲོན་འབོད་གྲུབ་རྗེས་ད་ལམ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་འཚོགས་ཐེངས་བཅུ་དྲུག་པ་དེ་ཁོད་ཡངས་དང་། གསོལ་ཀྲུམ། བྷི་རག་བཅས་ཀྱི་ཀློང་ནས་འདུ་འཛོམས་བྱ་རྒྱུ་ཡིན་པར་ཡིད་སྤོབས་ཆེན་པོས་སྙན་སྒྲོན་ཞུ་བཞིན་ཡོད། རྒྱལ་སྤྱིའི་བོད་རིག་པའི་འབྲི་གཡག་རྣམས་གླིང་ཆེན་ཡུ་རོབ་ཀྱི་ལྟེ་དཀྱིལ་ཏེ། ཅེག་སྤྱི་མཐུན་རྒྱལ་ཁབ་ཕྱོགས་སུ་བང་རྩལ་རྒྱུག་འགྲན་གནང་ནས། ཕྱི་ལོ་(༢༠༢༢)ལོའི་ཟླ་བ་(༧)པའི་ཚེས་(༣)ནས་(༡༠)བར་རྒྱལ་ས་པ་རག་གི་ཆར་ལེ་སི་གཙུག་ལག་སློབ་གྲྭ་ཆེན་མོར་དངོས་ཕེབས་ཀྱིས་ང་ཚོར་གཟིགས་མཐོང་བསྩལ་ངེས་རེད།

Following the 15th Seminar, hosted in a charming environment of grace, delicate cheese, and fine wine, we are proud to announce that the 16th IATS Seminar will be marked by earthiness, meat, and beer. The IATS yak will gallop to the heart of Europe, the Czech Republic, and will honour us with its presence in Prague on July 3–9, 2022 at the Faculty of Arts, Charles University.

ད་ལམ་གྱི་འཚོགས་ཐེངས་འདི་ཉིད་ཆར་ལེ་སི་གཙུག་ལག་སློབ་གྲྭ་ཆེན་མོའི་རིག་གནས་སློབ་གཉེར་སྡེ་ཚན་དང་ཅེག་ཚན་རིག་སློབ་གཉེར་ཁང་གི་ཤར་ཕྱོགས་རིག་པའི་སྡེ་ཚན་གཉིས་ཟུང་སྦྲེལ་གྱིས་གོ་སྒྲིག་ཞུ་རྒྱུ་དང་། གོ་སྒྲིག་འགན་འཛིན་པ་ནི་(རིག་གནས་སློབ་གཉེར་སྡེ་ཚན་གྱི་)ཌ་ཎི་ཡལཿབྷེ་རོན་སི་ཀི་ལགས་དང་(ཤར་ཕྱོགས་རིག་པའི་སྡེ་ཚན་གྱི་)ཡར་མི་ལཿཔི་ཏ་ཅི་ཀོ་ཝ་ལགས་རྣམ་པ་གཉིས་ཡིན།

The Seminar will be organized jointly by the Faculty of Arts, Charles University and the Oriental Institute, Czech Academy of Sciences. The convenors are Daniel Berounský (Faculty of Arts) and Jarmila Ptáčková (Oriental Institute).

དཔྱད་རྩོམ་སྙིང་བསྡུས་དང་བགྲོ་གླེང་ཚན་ཆུང་གཉིས་ཀྱི་འབོད་བརྡའི་སྐོར་དེ་ཕྱི་ལོ་(༢༠༢༡)ལོའི་འགོ་སྟོད་དུ་གསལ་བསྒྲགས་སྙན་སྒྲོན་ཞུ་རྒྱུ་ཡིན་ཞིང་། དེའི་ནང་བགྲོ་གླེང་གི་ལས་འཆར་སྙན་ཞུ་འབུལ་སྟངས་དང་། བགྲོ་གླེང་འཚོགས་འདུར་དེབ་སྐྱེལ། བཞུགས་གནས་མགྲོན་ཁང་གི་གདམ་ག བགྲོ་གླེང་གི་འཚོགས་དངུལ་བཅས་དང་འབྲེལ་བའི་གནས་ཚུལ་རྣམས་རྒྱས་པར་འབུལ་གྱི་ཡིན། འཚོགས་ཞུགས་པ་རྣམས་ཀྱིས་རང་གི་འགྲིམ་འགྲུལ་དང་བཞུགས་གནས་མགྲོན་ཁང་གི་གླ་རིན་རྣམས་རང་ངོས་ནས་འགན་འཁུར་བཞེས་རྒྱུར་ཐུགས་འཇགས་འཚལ།

The call for abstracts and panels will be announced early in 2021, including detailed information regarding the submission of proposals, registration, accommodation options, and the conference fee. IATS attendees will be responsible for their own transportation and housing costs.

 

པ་རག་ལ་ཕེབས་པར་དགའ་བསུ་ཞུའོ།། །།

Welcome to Prague!

Vítejte v Praze!

15th IATS Seminar 2019 – Second Announcement

SECOND ANNOUNCEMENT

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ གསལ་བསྒྲགས་གཉིས་པ།

The IATS2019 website will open for submissions on Wednesday, February 21. Complete instructions may be downloaded here

ཕྱི་ལོ་ ༢༠༡༩ ལོའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུའི་དྲ་ཚིགས་དེ་བཞིན་ཕྱི་ལོ་ ༢༠༡༨ ལོའི་ཟླ་གཉིས་པའི་ཚེས་ ༢༡ ཉིན་དངོས་སུ་མི་དམངས་ལ་འགྲེམ་སྤེལ་བྱ་རྒྱུ་ཡོད་པའི་ལམ་ཁྲིད་སྐོར་གྱི་གསལ་བསྒྲགས་གློག་འཕྲིན་འདི་ཉིད་ལྷན་དུ་གཟིགས་སུ་ཞུ།

Download IATS submission instructions Feb 2018

15th IATS 2019 Seminar – First Announcement

IATS-15-image_22019 will mark the Fortieth Anniversary of the foundation of the International Association for Tibetan Studies at St. John’s College, Oxford, under the leadership of the late Michael Aris. In celebration of the steady growth of the IATS that has ensued, we are honoured to host the 15th IATS Seminar in Paris, France, from Sunday 7 to Saturday 13 July 2019.

The seminar is organized collaboratively by the INALCO, the French National Centre for Scientific Research (CNRS), the École Pratique des Hautes Études (EPHE), and the French School of Asian Studies (EFEO). The members of the convening committee are Fabienne Jagou (EFEO), Matthew Kapstein (EPHE), Françoise Pommaret (CNRS), Françoise Robin (INALCO), and Nicolas Sihlé (CNRS).

The principal venue for the Seminar will be the National Institute of Asian Languages and Civilizations (INALCO) in Paris’s 13th District. Information concerning lodging for participants will be communicated in a subsequent announcement.

A dedicated website for the Paris IATS2019 is under construction and will be made available early in 2018, including detailed information regarding the submission of proposals, registration, and housing. It is anticipated that the registration fee for the Seminar will be 300 euros. IATS attendees will be responsible for their own transportation and housing costs, in addition to the registration fee, though a small number of fellowships will be available, with preference given to scholars from Tibetan areas. The registration fee includes lunches throughout the conference. Sightseeing programs will also be available, but at additional cost.

Those who wish to organize panels at IATS2019 are invited to submit brief proposals. Please be sure to include your name, title, affiliation, e-mail address, proposed panel title, and a short description (not more than 150 words) to: iats2019- panels@sciencesconf.org. Names of proposed participants are not required at this time. Panel proposals received before 21 December 2017 and accepted by the organizing committee will be included in the information diffused when the seminar website is announced.

Welcome to Paris!

 

15e Séminaire de l’IATS Paris, France, 7-13 juillet 2019

Première circulaire

2019 marquera le quarantième anniversaire de la fondation de l’Association Internationale d’Études Tibétaines, au Collège Saint John, à Oxford, à l’initiative du regretté Michael Aris. En hommage au développement considérable de l’IATS depuis sa création, nous sommes honorés d’accueillir le 15e Séminaire de l’IATS à Paris (France), du dimanche 7 au samedi 13 juillet 2019.

Le Séminaire est organisé conjointement par l’Institut National des Langues et Civilisations Orientales (INALCO), le Centre National de la Recherche Scientifique (CNRS), l’École Pratique des Hautes Études (EPHE) et l’École française d’Extrême- Orient (EFEO). Les membres du comité organisateur sont Fabienne Jagou (EFEO), Matthew Kapstein (EPHE), Françoise Pommaret (CNRS), Françoise Robin (INALCO) et Nicolas Sihlé (CNRS).

Le Séminaire se déroulera à l’Institut National des Langues et Civilisations Orientales (INALCO) dans le 13e arrondissement de Paris. Des informations relatives à l’hébergement seront communiquées ultérieurement.

Un site web dédié au Séminaire IATS2019 à Paris est en cours d’élaboration et sera ouvert au début de l’année 2018. Il inclura des informations détaillées relatives à la soumission des propositions, à l’inscription et à l’hébergement. Les frais d’inscription au Séminaire devraient s’élever à 300 euros. S’y ajouteront les dépenses de transport et d’hébergement qui seront à la charge des participants au Séminaire de l’IATS. Toutefois, un certain nombre d’aides seront offertes, notamment pour les chercheurs issus de l’aire tibétaine. Les frais d’inscription incluent les déjeuners pris pendant le Séminaire. Des excursions et visites payantes seront également proposées.

Les propositions de panels peuvent d’ores et déjà être adressées aux organisateurs à l’adresse courriel iats2019-panels@sciencesconf.org. Elles devront comprendre le nom, le titre, l’affiliation et l’adresse courriel du ou des organisateurs, ainsi qu’un titre et une courte description (150 mots maximum) du panel. À ce stade, il n’est pas nécessaire d’indiquer les noms des participants aux panels. Les propositions de panels reçues avant le 21 décembre 2017 et acceptées par le Comité d’organisation seront mentionnées dans la circulaire qui sera diffusée pour annoncer l’ouverture du site web du Séminaire.

Bienvenue à Paris !

༢༠༡༦། གསལ་བསྒྲགས་ཐེངས་དང་པོ།

སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་དྲུག་པའི་ཚེས་བཅུ་དགུ་ནས་ཉེར་ལྔའི་བར་

ནོར་ཝེའི་གྲོང་ཁྱེར་པིར་ཀིན་དུ་བསྡུ་བ།

སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་དྲུག་པའི་ཚེས་བཅུ་དགུ་སྟེ་གཟའ་ཉི་མའི་ཉིན་ནས་ཚེས་ཉེར་ལྔ་སྟེ་གཟའ་སྤེན་པའི་ཉིན་བར་ནོར་ཝེའི་པིར་ཀིན་སློབ་ཆེན་དུ་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བཅུ་བཞི་བ་བསྡུ་ཐུབ་པ་ནི་སློབ་ཆེན་འདིའི་གཟི་བརྗིད་ཅིག་ཏུ་འཁུམས་ལ། གྲོས་ཚོགས་འདི་ནི་རྒྱལ་སྤྱིའི་བོད་རིག་པའི་མཐུན་ཚོགས་ཀྱིས་བོད་དང་ནོར་ཝེའི་སློབ་ཆེན་མཉམ་སྦྲེལ་རིག་གཞུང་ཚོགས་པར་མཉམ་འབྲེལ་སྒོས་སྒྲུབ་པ་ཞིག་སྟེ། བོད་དང་ནོར་ཝེའི་སློབ་ཆེན་མཉམ་སྦྲེལ་རིག་གཞུང་ཚོགས་པས་ཨོ་སི་ལོ་སློབ་ཆེན་དང་། པིར་ཀིན་སློབ་ཆེན། ཁྲོམ་སཱོ་སློབ་ཆེན་བཅས་དང་མཉམ་འབྲེལ་གྱིས་ལས་དོན་སྒྲུབ་པ་ཞིག་ཡིན། སྐབས་འདིའི་གྲོས་ཚོགས་ཀྱི་གཙོ་གཉེར་བ་ནི་ཨོ་སི་ལོ་སློབ་ཆེན་གྱི་ཤར་ཕྱོགས་པའི་སྐད་ཡིག་དང་རིག་གནས་ཞིབ་འཇུག་སྡེ་ཁག་གི་དགེ་རྒན་ཆེན་མོ་Hanna Havnevik ལགས་ཏེ། མོ་རང་གིས་བོད་དང་ནོར་ཝེའི་སློབ་ཆེན་མཉམ་སྦྲེལ་རིག་གཞུང་ཚོགས་པའི་ཚོགས་གཙོའི་འགན་ཡང་གཅིག་ལྕོགས་སུ་བཞེས་མུས་ཡིན།

པར་ལེན་མཁན། Arthur Sand

 འཕྲིན་གསར།

ཆེད་གླེང་དཔྱད་བརྗོད་དང་སྒྲོག་ཙེ་སྒོར་མོའི་ཚོ་ཆུང་(སྔོན་མའི་གསལ་བསྒྲགས་ནང་འདི་ལ་བགྲོ་གླེང་ཚོགས་ཆུང་དུ་བཏགས་ཡོདབསྒྲིག་རྒྱུའི་སྙན་ཞུའི་ཡི་གེ་ ༥༡ ད་ལྟ་རྒྱལ་སྤྱིའི་བོད་རིག་པའི་དྲ་ངོས་སུ་སྤེལ་ཡོད་ལ། ཚོ་ཆུང་བསྡུ་རྒྱུའི་མཚམས་སྦྱོར་དག་ལ་རྒྱལ་སྤྱིའི་བོད་རིག་པའི་བློ་འདོན་ཚོགས་ཆུང་དང་མཉམ་འབྲེལ་སྒོས་ཞིབ་བཤེར་བྱས་ཟིན། དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་བསྐུར་བའི་དུས་ཡུན་དེ་ང་ཚོའི་སྔོན་དཔག་ལས་དུས་འགྱངས་ཤོར་བས། དེ་བསྐུར་བའི་མཇུག་མཐའི་ཉིན་མོ་ནི་ཟླ་ ༡༢ པའི་ཚེས་ ༡ ལ་བསྣུར་ཡོད་པ་དང་། ཆོག་མཆན་འཐོབ་མིན་གྱི་བརྡ་ཐོ་སྤྱི་ལོ་ ༢༠༡༦ ལོའི་ཟླ་ ༢ པའི་ཚེས་ ༡ ལ་གཏང་རྒྱུ་དང་། ཐོ་འགོད་རིན་དངུལ་(ཨ་སྒོར 320) སྤྲོད་པའི་མཇུག་མཐའི་ཉིན་མོ་ནི་སྤྱི་ལོ་ ༢༠༡༦ ལོའི་ཟླ་ ༤ པའི་ཚེས་ ༡ ཡིན་ལ་དུས་བཅད་ནང་དུ་དྲ་ངོས་སུ་དངུལ་སྤྲད་ཆོག

དཔྱད་རྩོམ་དང་བགྲོ་གླེང་ཚོགས་ཆུང་གི་ནང་དོན་གནད་བསྡུས་འབྲི་བར་འདིར་བཀོད་པའི་རེའུ་མིག་འདི་སྤྱད་དེ་་་་བསྐུར་དགོས་པ་དང་། ཧི་མ་ལ་ཡའི་ཡིག་གཟུགས་སྤྱོད་རྒྱུ་གལ། Registration Form Word (Tibetan) རེའུ་མིག་འདི་ཡོངས་སུ་ཁ་བསྐང་རྗེས་ Word ཡི་རྣམ་པས་ང་ཚོའི་གློག་ཟམ་སྟེ་ iats2016@gmail.com ལ་བསྐུར་རོགས། ང་ཚོའི་བྱ་བའི་དགོས་མཁོ་ལ་དམིགས་ཏེ། ནན་གྱིས་གསལ་འདེབས་བྱ་རྒྱུ་ཞིག་ལ། ཐོ་འགོད་རེའུ་མིག་ལས་རུས་དང་མིང་སྒེར་གྱི་ཕྱི་འགྲིམ་ལག་ཁྱེར་རམ་Passport སྟེང་ཡོད་པ་ཇི་མ་ཇི་བཞིན་དུ་འབྲི་རྒྱུ་དང་། ད་དུང་སྡོད་གནས་དང་རྒྱལ་ཁོངས་ཀྱང་དབྱིན་ཡིག་གམ་རོ་མན་(a, b, c, d) ཡིག་རིགས་ཀྱིས་བྲིས་ཏེ་བསྐུར་རྒྱུ་གལ།

ཐོ་འགོད།

ཐོ་འགོད་རིན་དངུལ་ནི་ཨ་སྒོར་སུམ་བརྒྱ་དང་ཉི་ཤུ་ཡིན་ཏེ། འདིའི་ནང་དྲོས་ཇ་དང་། ཕྱི་དྲོའི་དུས་སུ་ཕྱི་རོལ་ཏུ་གཟིགས་སྐོར་ཐེངས་གཅིག་དང་། དགོང་མོར་རྩེད་འཇོའི་བྱ་འགུལ་སྣ་གཉིས་བཅས་ཚུད། ཐོ་འགོད་རིན་དངུལ་སྤྲོད་པའི་མཇུག་མཐའི་ཉིན་མོ་ནི་སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་གཉིས་པའི་ཚེས་བཅོ་ལྔ་ཡིན། སྡོད་ཁང་གི་ཕྱོགས་ནས་ཕྱིའི་མགྲོན་ཁང་དང་སློབ་མའི་མལ་ཁང་སོགས་རིགས་མི་འདྲ་བ་མང་དུ་ཡོད་ཅིང་། དེ་དག་གི་ཁང་རིན་ནི་ང་ཚོས་འབྲེལ་ཡོད་མི་སྣར་གྲོས་བྱས་ཏེ་ཚོགས་མི་རྣམས་ལ་དམིགས་བསལ་སྟེར་ངེས་ལ། རྗེས་ཕྱོགས་དྲ་ལམ་ནས་རང་དང་འཚམ་པའི་སྡོད་ཁང་ཐོ་འགོད་བྱས་ཏེ་གདམ་ཆོག གཞན་གྱི་རོགས་དངུལ་ཅི་ཡང་མེད་པའི་ཚོགས་ཞུགས་པ་རྣམས་ལ་ང་ཚོས་ཅི་ནུས་ཀྱིས་འགྲོ་གྲོན་ཡོངས་སམ་ཡང་ན་ཕྱེད་ཀ་ཙམ་གྱི་རོགས་བྱ་རྩིས་ཡོད་མོད། ངེས་པར་ནན་བཤད་དང་གསལ་འདེབས་བྱ་རྒྱུ་ཞིག་ལ། ང་ཚོའི་གནས་བབས་ལ་གཞིགས་ན་ཚོགས་ཞུགས་མི་སྣ་ཉུང་ཤས་ཤིག་ལ་མ་གཏོགས་རོགས་སྐྱོར་བྱ་ཐུབ་རྒྱུ་མ་རེད་སྙམ།

ཐོ་འགོད་རེའུ་མིག་ཁ་བསྐང་རྗེས། གློག་རྡུལ་ཡིག་ཟམ་གྱི་ཞར་བྱུང་དུ་སྦྱར་ཏེ་ཐེངས་འདིའི་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ལ་ཞུགས་པའི་སྙན་ཞུ་འབུལ་ཡུལ་ཏེ་ iats2016@gmail.com ལ་བསྐུར་དགོས།

དོ་སྣང་བྱ་དགོས་པའི་གནད་འགའ།

༡        སྤྱིའི་སྒྲིག་སྲོལ་ལྟར་ན། གྲོས་ཚོགས་ལ་ཞུགས་མཁན་ཚང་མས་རང་རང་གི་དཔྱད་རྩོམ་སྒྲོག་སྤེལ་གནང་དགོས་ཤིང་ཡུན་ཚད་ནི་སྐར་མ་ཉི་ཤུ་ཡིན་པ་དང་། ཚོགས་ཐོག་ཏུ་དབྱིན་ཇིའི་སྐད་དང་། བོད་སྐད། ཧྥ་རན་སིའི་སྐད། འཇར་མན་གྱི་སྐད་བཅས་སྐད་རིགས་བཞི་ལས་གང་འཚམ་གྱིས་སྤྱད་ཆོག་པ་ཡིན།

༢        ཚོགས་ཞུགས་མི་སྣ་སུ་ཡིན་རུང་རང་ལ་དམིགས་བསལ་གྱི་དོན་གནད་དམ་དྲི་གཞི་གྲོས་མོལ་གྱི་ཚུལ་གྱིས་ཐག་གཅོད་བྱ་རྒྱུའི་དགོས་པ་དང་རེ་འདོད་ཡོད་ན་བགྲོ་གླེང་ཚོགས་ཆུང་སྒྲིག་འཛུགས་བྱ་ཆོག་སྟེ། ཚོགས་ཆུང་བསྒྲིག་པར་རང་གི་དོན་གནད་དམ་དྲི་གཞིར་གྲོས་མོལ་བྱ་བར་འཚམ་པའི་མི་སྣར་འབྲེལ་བ་བྱ་རྒྱུ་དང་གྲོས་ཚོགས་སྤྱིའི་གཙོ་གཉེར་བར་གནས་ཚུལ་བརྗོད་རྒྱུ་ནི་མི་སྒེར་གྱི་འོས་འགན་ཡིན། གལ་ཏེ་ཁྱེད་ལ་བགྲོ་གླེང་ཚོགས་ཆུང་བསྒྲིག་རྒྱུའི་རེ་འདོད་ཡོད་ན། དེའི་ཞིབ་ཕྲའི་གནས་ཚུལ་(ཤོག་ངོས་གཅིག་གི་སྟེང་ཡིག་འབྲུ་ལྔ་བརྒྱའི་མན)བྲིས་ཏེ་ཉིས་སྟོང་བཅོ་ལྔའི་སྤྱི་ཟླ་བཅུ་བའི་ཚེས་བཅོ་ལྔའི་ཚུན་ལ་བསྐུར་དགོས། གཞན་ཡང་། བགྲོ་གླེང་ཚོགས་ཆུང་སྒྲིག་འཛུགས་བྱ་བའི་ཚོགས་མིར་གྲོས་ཚོགས་ཀྱི་སྐབས་གཞན་ཞིག་སྤྱད་དེ་དཔྱད་རྩོམ་སྒྲོག་སྤེལ་བྱ་བའི་གོ་སྐབས་མེད།

༣           རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྟེང་སྤེལ་རྒྱུའི་དཔྱད་རྩོམ་ཚང་མ་གསར་བ་ཡིན་དགོས་ཏེ། གྲོས་ཚོགས་གཞན་དུ་སྤེལ་མྱོང་བའམ་ཡང་ན་སྔ་མོ་ནས་དཔར་སྐྲུན་བྱས་ཟིན་པའི་དཔྱད་རྩོམ་བསྐྱར་སྤེལ་བྱ་མི་རུང་བ་དང་། དཔྱད་རྩོམ་གྱི་དཔྱད་གཞི་ཁུངས་བཙུན་ཞིང་དཔྱད་འབྲས་གསར་བ་མངོན་པ་དང་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་གཏོགས་པ་སོགས་ཀྱི་ཆ་རྐྱེན་ངེས་པར་ཚང་དགོས། ཞིབ་ཏུ་བརྗོད་ན།

ཀ          རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྟེང་ཐེངས་དང་པོར་ཞུགས་པའི་སློབ་མ་ཚོས་རང་རང་གི་སློབ་གྲྭའི་འབྲེལ་ཡོད་མི་སྣས་བྲིས་པའི་འོས་སྦྱོར་ཡི་གེ་ (Letter of recommendation) དང་སྒེར་གྱི་མཚམས་སྦྱོར་ཡི་གེ་ (Curriculum Vitae) སྟེ་རང་ཉིད་ཀྱི་མིང་དང་སྐྱེས་ལོ། སློབ་གསོ་མྱངས་པའི་བརྒྱུད་རིམ་དང་ད་ལྟའི་བར་པར་དུ་བསྐྲུན་ཟིན་པའི་དཔེ་ཆ་དང་དཔྱད་རྩོམ་གྱི་ཁ་བྱང་སོགས་གླེང་རིན་ཡོད་པ་དག་ཉུང་བསྡུས་ཀྱིས་ཤོག་ངོས་གཉིས་མ་བརྒལ་བ་རེ་ཡི་གེར་བྲིས་ནས་བསྐུར་དགོས།

ཁ         ཚོགས་ཞུགས་མི་སྣའི་ཁྲོད་སྐབས་འདིར་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ལ་ཐེངས་དང་པོར་ཞུགས་མཁན་ནམ་ཡང་ན་ཉིས་སྟོང་བཅུ་གསུམ་ལོར་སྐབས་བཅུ་གསུམ་པའི་གྲོས་ཚོགས་སོག་པོའི་རྒྱལ་ཁབ་ཏུ་བསྡུས་པར་ཐོག་དང་པོར་ཞུགས་པའི་ཚོགས་ཞུགས་མི་སྣ་དང་། ད་དུང་འདིར་ཞུགས་སློབ་མ་ཡོངས་ཀྱིས་རང་རང་གི་དཔྱད་རྩོམ་གྱི་ནང་དོན་གནད་བསྡུས(ཡིག་འབྲུ་བདུན་བརྒྱ་དང་ལྔ་བཅུའི་མན)རེ་བྲིས་ཏེ་ཉིས་སྟོང་བཅོ་ལྔ་ལོའི་སྤྱི་ཟླ་བཅུ་གཉིས་པའི་ཚེས་དང་པོའི་ཚུན་ལ་བསྐུར་དགོས།

ག        ཚོགས་ཞུགས་མི་སྣ་གཞན་དག་གིས་ཀྱང་ཡིག་འབྲུ་ཉིས་བརྒྱ་དང་ལྔ་བཅུའི་ཡས་མས་ཀྱིས་གྲུབ་པའི་དཔྱད་རྩོམ་གྱི་ནང་དོན་གནད་དུ་བསྡུས་པ་རེ་བྲིས་ཏེ་ཉིས་སྟོང་བཅོ་ལྔ་ལོའི་སྤྱི་ཟླ་བཅུ་གཉིས་པའི་ཚེས་དང་པོའི་ཚུན་ལ་བསྐུར་དགོས།

ང         དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་ཀྱི་ཆ་ནས་ཚིག་བསྡུས་ཤིང་དོན་གནད་དུ་འཁེལ་དགོས་ཏེ། ང་ཚོས་དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་ལ་གཞིགས་ཏེ་ཞིབ་ཕྲའི་སྒོས་ཚོགས་མི་གདམ་གསེས་བྱ་རྒྱུ་ཡིན་ལ། རྒྱལ་སྤྱིའི་བོད་རིག་པའི་རིག་ལམ་གྱི་ཚད་གཞིར་མ་ལོན་པའམ་དེ་དང་ཉེ་བར་མ་མཐུན་ཚེ་འདིར་དང་ལེན་བྱ་ཐབས་བྲལ་བས་ནན་ཏན་བྱ་རྒྱུ་གལ། དེ་ཡང་ཁྱེད་ཉིད་གྲོས་ཚོགས་སུ་ཞུགས་ཆོག་མིན་གྱི་བརྡ་སྦྱོར་ཉིས་སྟོང་བཅུ་དྲུག་ལོའི་སྤྱི་ཟླ་གཉིས་པའི་ཚེས་དང་པོའི་ཚུན་ལ་བསྒྲག་ངེས།

 

༤         གྲོས་ཚོགས་སུ་ཟུར་ཞུགས་སམ་ལྟ་ཞིབ་གནང་མཁན་ཚོས་རང་ཉིད་ཀྱིས་མིག་སྔར་སྒྲུབ་བཞིན་པའི་ཞིབ་འཇུག་ལས་དོན་དང་ཞིབ་འཇུག་ཐད་ཀྱི་དགའ་ཕྱོགས་གང་ཡིན་སྐོར་གྱི་གནས་ཚུལ(ཡིག་འབྲུ་བདུན་བརྒྱ་དང་ལྔ་བཅུའི་ཡས་མས)འབྲི་དགོས་པ་མ་ཟད། རང་རང་གི་འབྲེལ་ཡོད་སྡེ་ཁག་ནས་བླངས་པའི་འོས་སྦྱོར་ཡི་གེ་དང་བཅས་བསྐུར་དགོས།

༥          ང་ཚོས་གྲོས་ཚོགས་སྤྱིའི་འགྲོ་སོང་ཡོངས་རྫོགས་གྲོས་ཚོགས་མ་བསྡུས་པའི་སྔ་རོལ་ཏུ་སྤྲོད་དགོས་ཕྱིར། གལ་ཏེ་ཁྱེད་ཉིད་སྐབས་འདིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སུ་ཞུགས་ཐུབ་པ་གཏན་འཁེལ་བྱས་ཚེ་ཉིས་སྟོང་བཅུ་དྲུག་གི་སྤྱི་ཟླ་གཉིས་པའི་ཚེས་བཅོ་ལྔའི་ཚུན་དུ་ཐོ་འགོད་རིན་དངུལ་ངེས་པར་འཕྲོད་རྒྱུ་གལ། ཐོ་འགོད་བྱ་ཚུལ་མི་འགྱངས་པར་ང་ཚོའི་དྲ་ངོས་སུ་དགོད་ངེས།

༦          ཕྱི་འགྲིམ་ཆོག་མཆན་ནམ་ཐོངས་མཆན་ visa དང་འགྲུལ་སྐྱོད་བདེ་འཇགས་ཁག་ཐེག་ Travel Insurance ཐད་ཀྱི་འགྲོ་ལུགས་ཐམས་ཅད་གྲོས་ཚོགས་སུ་ཞུགས་མཁན་ཚོས་རང་སྟེང་ནས་བསྒྲུབ་དགོས་ཏེ། པིར་ཀིན་སློབ་ཆེན་གྱིས་འདིའི་སྐོར་གྱི་འགན་འཁུར་མི་ཐུབ་ཅིང་། ང་ཚོས་ཁྱེད་ཅག་གི་དགོས་མཁོར་དམིགས་ཏེ་གདན་ཞུ་ཡི་གེ་བསྐུར་ངེས།

༧          སྐབས་སྐབས་ཀྱི་གནས་ཚུལ་གསར་བ་ཡོད་ན་ང་ཚོའི་དྲ་ངོས་ལས་ཁྱབ་བསྒྲགས་བྱ་རྒྱུ་ལས་གཞན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཀྱི་ཡིག་ཟམ་ལས་ཀྱང་བརྒྱུད་སྐུར་བྱ་རྒྱུ་ཡིན།

རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བཅུ་བཞི་བར་འབྲེལ་ཡོད་ཀྱི་འཕྲིན་དང་ཡིག་ཆ་སོགས་བསྐུར་ཡུལ་ནི།

iats2016@gmail.com

ཁྱེད་ཉིད་པིར་ཀིན་དུ་ཕེབས་པར་

དགའ་བསུ་ཞུ།

པར་འདི་པིར་ཀིན་ཡུལ་སྐོར་ཚོགས་པར་དབང་ཞིང་པར་ལེན་མཁན་ནི་ Jan M. Lillebø ཡིན།

པར་འདི་པིར་ཀིན་ཡུལ་སྐོར་ཚོགས་པར་དབང་ཞིང་པར་ལེན་མཁན་ནི་ Thor Westrebø ཡིན།

© Avinor

14th IATS Seminar 2016 – First Announcement

The University of Bergen (UiB) is honoured to host the 14th IATS Seminar in Bergen, Norway, from Sunday 19 to Saturday 25 June 2016 in co-operation with the Network for University Co-operation Tibet-Norway, an academic network with the universities of Oslo, Bergen and Tromsø as partners. The convenor is Professor Hanna Havnevik, Department of Culture Studies and Oriental Languages, University of Oslo, and Chair of the Network. It is with great pleasure that we now extend this invitation for proposals for papers and panels. For a Tibetan language version of this announcement, click here.

 

 © Arthur Sand

Registration

Please note that the dates for the deadline of panel descriptions and abstracts have been changed. The new deadline for panels is 15 October, and for abstracts 1 December. Please submit the panel descriptions and abstracts using this form: Registration Form Word (English)

This form, which should contain only Roman characters, should be submitted as a Word file. Please send your completed form to: iats2016@gmail.com

Registration fee: US $ 320. The deadline for payment has been extended to 1 April 2016. An online payment system will be available in due course.

The registration fee covers lunches, an afternoon excursion and two evening events. There are various types of accommodation available in Bergen, ranging from hotel rooms to student dormitories. We will negotiate special rates for participants. An online booking service for accommodation will be available at a later date.
In cases where participants have no funding, we will try as far as possible to cover their expenses in whole or in part. As in the past, preference will be given to scholars from the Tibetan areas. We do, however, emphasise that our ability to provide such support will probably be severely limited, and is only likely to benefit a small number of participants.

Note the following points:
1. Participants are generally required to present a paper. Papers may be presented in any of the four working languages of the IATS: English, Tibetan, French, and German. Papers may not exceed the time limit of 20 minutes.
2. Participants may organise panels or round tables on specific subjects, but it is their responsibility to contact others whom they would like to include and to keep the organisers informed about such plans. Roundtables or workshops should be organised as discussions without formal presentations. Proposals for panels or round tables must contain a one-page description (max. 500 words) and be submitted by 15 October 2015. Those participating in a panel may not present a paper in another session of the conference.
3. Participants may not present papers that have been read at other conferences or published elsewhere. All papers should present the results of original research related to Tibetan studies.
a) A student wishing to participate in an IATS seminar for the first time is asked to provide a letter of recommendation from a faculty member at his/her institution and to submit a short (max. two-page) curriculum vitae.
b) All participants attending for the first time or whose first IATS conference was the 13th seminar held in Ulaanbaatar in 2013, including students, are also asked to submit an abstract (c. 750 words) of their paper by 1 December 2015.
c) All other participants are asked to send in a brief abstract of c. 250 words, likewise by 1 December 2015.
d) All abstracts will be evaluated by the IATS Advisory Board and papers will not be accepted if they are deemed not to conform to international standards of academic work. Notice of acceptance/rejection will be sent by 1 February 2016.
4. Those who wish to attend only as observers, such as students, should submit a description of approximately 750 words of the current state of their work and research interests as well as a letter of recommendation from their academic institution. Note that observers will also be required to pay the registration fee.
5. If you are accepted as a participant in the 14th IATS seminar, it is absolutely necessary that your registration fee be received by 15 February 2016. We have to pay the seminar expenses in advance, well ahead of the actual event! Information on how to register will be published on this webpage in the near future.
6. All participants must organise their own visas and travel insurance. The University of Bergen will not be responsible for any of these issues. Letters of invitation for visas will be provided on request.
Periodic updates about the seminar will be announced on this webpage and will be circulated on the IATS mailing list.

All communications concerning the 14th IATS Seminar should be sent to
iats2016@gmail.com
Welcome to Bergen!

 

© Bergen Tourist Board/Jan M. Lillebø

 

© Bergen Tourist Board/Thor Westrebø

 

 © Avinor