Dear IATS 2026 Participants,
We hope this message finds you well.
This is a final reminder that registration for the 17th Seminar of the International Association for Tibetan Studies closes on 15 June 2026 — just two weeks from now. If you have not yet completed your registration, we urge you to do so without delay.
The 17th IATS Seminar will be held in Kathmandu, Nepal, from 23–29 August 2026, and we very much look forward to welcoming you.
Registration Fees
- Late Registration: USD 440 (15 May – 15 June 2026)
Please note that this is the final registration window. No registrations will be accepted after 15 June 2026.
A Note for Panel Chairs
We kindly ask panel chairs to follow up with their panelists to ensure everyone registers before the deadline. Timely registration is essential for finalising the panel schedule.
Accommodation
For travel and lodging, our partner One Globe is offering special rates at The Soaltee Kathmandu, our seminar venue, and nearby accommodations. We encourage you to book at the earliest opportunity through the One Globe portal to take advantage of the lowest rates.
We look forward to gathering in Kathmandu for what promises to be a stimulating and enjoyable seminar.
With warm regards, The IATS 2026 Organizers
གསལ་བསྒྲགས་ཀྱི་བརྡ་ཐོ་བདུན་པ། ཐོ་འགོད་མཇུག་སྒྲིལ་ལ་བདུན་གཉིས་ལྷག་མེད།
ཕྱི་ལོ་ ༢༠༢༦ ལོའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་ཚོགས་ཐེངས་བཅུ་བདུན་པར་མཉམ་ཞུགས་གནང་པ་པོ་ཡོངས་ཀྱི་སྥྱན་ལམ་དུ།
ལྷན་རྒྱས་སྐུ་ཁམས་བདེ་བར་གནས་པའི་སྨོན་འདུན་དང་སྦྲགས།
འདི་ནི་ཐོ་འགོད་ཀྱི་མཇུག་གི་དྲན་སྐུལ་ཞིག་ཡིན། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་ཐེངས་བཅུ་བདུན་པའི་ཐོ་འགོད་ཟླ་ ༦ ཚེས་ ༡༥ ལ་མཇུག་སྒྲིལ་རྒྱུ་ཡིན། ད་ལྟ་ཐོ་འགོད་མཐར་མ་ཕྱིན་པ་ཡིན་ན། མྱུར་དུ་ཐོ་འགོད་གནང་བར་ནན་གྱིས་གསོལ་འདེབས་ཞུ་རྒྱུ་ཡིན།
རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ (IATS) བགྲོ་གླེང་ཚོགས་ཐེངས་བཅུ་བདུན་པ་འདི། ཕྱི་ལོ་ ༢༠༢༦ ལོའི་ཟླ་བརྒྱད་པའི་ཚེས་༢༣ ནས་༢༩ བར་བལ་ཡུལ་ཀ་ཐ་མན་ཌུར་འཚོགས་གཏན་འཁེལ་ཡོད་པར་བརྟེན། ང་ཚོས་དགའ་སྤྲོའི་ངང་ལྷན་རྒྱས་ལ་ཕེབས་བསུ་ཞུ་རྒྱུར་རེ་སྒུག་ཞུ་བཞིན་ཡོད།
ཐོ་འགོད་ཀྱི་གླ་ཆ།
- ཕྱིས་འགྱངས་ཐོ་འགོད། ཨ་སྒོར་ ༤༤༠། (༢༠༢༦ ཟླ་ ༥ ཚེས་ ༡༥ ནས་ ཟླ་ ༦ ཚེས་ ༡༥ བར།)
ཐོ་འགོད་ཀྱི་དུས་ཚོད་འདི་ཐེངས་མཐའ་མ་ཡིན་ལ། ཟླ་ ༦ ཚེས་ ༡༥ ཡས་མས་ཐོ་འགོད་ལེན་རྒྱུ་མི་སྲིད་པར་གསལ་བཀྲམ་ཞུ་རྒྱུ་ཡིན།
ཚོགས་ཆུང་གི་ཚོགས་གཙོ་རྣམ་པར་ཞུ་རྒྱུར།
ཚོགས་ཆུང་གི་ཚོགས་གཙོ་རྣམ་པས་བགྲོ་གླེང་བྱེད་པ་པོ་ཚོར་ཕར་ཐིག་གཏང་སྟེ། ཚང་མས་དུས་ཐོག་ཐོ་འགོད་བྱས་ཐུབ་མིན་ལ་ཤོར་མི་འབབ་པར་ལྟ་རྟོག་ཞུ་རོགས་གསོལ། ཐོ་འགོད་དུས་ཐོག་ཏུ་བྱས་ན་བགྲོ་གླེང་གི་དུས་ཚོད་རེའུ་མིག་མཐར་ཕྱིན་པར་བྱ་ཐུབ་པས། འདི་དོན་གལ་ཆེར་དགོངས་འཇགས་འཚལ།
གནས་མལ་གྱི་སྐོར།
འགྲུལ་སྐྱོད་དང་གནས་མལ་གྱི་ཆེད། ང་ཚོའི་མཉམ་ལས་ཁང་ One Globe ནས་བགྲོ་གླེང་འཚོགས་ས་ The Soaltee Kathmandu མགྲོན་ཁང་དུ་རིན་གོང་ཆག་ཡང་ཞིག་འབུལ་བཞིན་ཡོད། མྱུར་དུ་ One Globe གི་ཐོག་ནས་ཁ་མངགས་གནང་རོགས་ཞེས་ཞབས་འདེགས་ཞུ་རྒྱུ་ཡིན།
ང་ཚོས་ཀ་ཐ་མན་ཌུར་གཟབ་རྒྱས་ཤིག་འཚོགས་རྒྱུར་རེ་སྒུག་བྱེད་བཞིན་ཡོད།
བཀྲ་ཤིས་བདེ་ལེགས་ཀྱི་བརྒྱན་ཏེ།
༢༠༢༦ ལོའི་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་ཆེན་གྱི་གོ་སྒྲིག་ཚོགས་ཆུང་ནས།
ཕུལ།།