རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་སྤྱི་ལོ་༢༠༢༣ལོའི་སྟོན་ཁའི་གསལ་འགྱུར།
In October 2023, Hanna Havnevik announced her decision to step down from her role as President of the IATS due to family and health reasons. Hanna has been IATS President from 2019 until 2023. We will miss her calm and steady hand, her wisdom, and her kindness, and we are profoundly grateful for the fantastic work she has done for the IATS during her Presidency.
སྤྱི་ལོ་༢༠༢༣ལོའི་སྤྱི་ཟླ་༡༠་ལ་ Hanna Havnevik ལགས་ཀྱིས་འཕྲོད་བསྟེན་དང་ཁྱིམ་ཚང་གི་གནད་དོན་གྱི་རྐྱེན་གྱིས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོའི་ལས་འཁུར་ནས་དགོངས་ཞུ་གནང་དགོས་བྱུང་པ་གསལ་བསྒྲགས་གནང་བ་རེད། ཁོང་གིས་སྤྱི་ལོ་༢༠༡༩ནས་སྤྱི་ལོ་༢༠༢༣བར་ལ་ཚོགས་གཙོའི་ཐུགས་འགན་བཞེས་པ་རེད་། ཁོང་གི་ཐུགས་གཤིས་འཇམ་ཞིང་བྱམས་བརྩེ་ལྡན་ལ་མཁྱེན་དཔྱོད་ཡངས་པའི་ཕྱག་ལས་བརྟན་པོ་གནང་ཕྱོགས་ཐད་ལ་ང་ཚོས་མིག་ལྟོས་ཡར་བལྟ་དང་བཀའ་དྲིན་སྙིང་བཅངས་ཞུ་བཞིན་ཡོད།
The Secretary General Professor Françoise Robin, INALCO, has agreed to serve as Acting President until the next elections are held. This solution is in accordance with the IATS statutes, which read as follows: “If the President for any reason is unable to act, the Secretary General shall temporarily execute the duties of the President.” Board member Professor Ulrike Roesler, University of Oxford, has agreed to serve as IATS Secretary General during the interim period and her nominaton was approved by the IATS Board. The next elections for the role of IATS President will take place at the IATS seminar in Dulikhel, Nepal in 2026.
ཚོགས་པའི་སྒྲིག་གཞིའི་ནང་དུ་གནད་དོན་གང་རུང་གིས་རྐྱེན་པས་ཚོགས་གཙོས་འགན་འཁུར་ཞུ་མ་ཐུབ་པ་བྱུང་ན་སྤྱི་ཁྱབ་དྲུང་ཆེས་གནས་སྐབས་རིང་ཚོགས་གཙོའི་འགན་འཁུར་འཁྱེར་དགོས་པ་གསལ་བ་བཞིན་ད་ལྟ་སྤྱི་ཁྱབ་དྲུང་ཆེའི་ཐུགས་འགན་བཞེས་བཞིན་པ། ཧྥ་རན་སིའི་ཤར་ཕྱོགས་སྐད་བརྡ་རིག་པའི་མཐོ་སློབ་INALCOཀྱི་དགེ་རྒན་ཆེན་མོ་Françoise Robin ལགས་ནས་ཐེངས་རྗེས་མའི་ཚོགས་གཙོའི་འོས་བསྡུ་མ་ཟིན་བར་དུ་བར་བརྒལ་ཚོགས་གཙོའི་ཐུགས་འགན་བཞེས་རྒྱུར་ཞལ་བཞེས་གནང་བ་རེད། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་ཡིན་པ Oxford མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་ Ulrike Roesler ལགས་ནས་སྤྱི་ཁྱབ་དྲུང་ཆེའི་ཐུགས་འགན་བཞེས་རྒྱུར་ངོས་ལེན་བྱས་པ་དང་། དེར་སློབ་སྟོན་ཚོགས་ཆུང་གིས་དགོངས་མཐུན་ཞལ་བཞེས་གནང་བྱུང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོའི་འོས་བསྡུ་རྗེས་མ་དེ་སྤྱི་ལོ་༢༠༢༦ལོར་བལ་ཡུལ་གྱི་ས་གནས་ Dulikhel ལ་ཚོགས་འཆར་ཡོད་པའི་ཚོགས་ཆེན་གྱི་སྐབས་སུ་གནང་རྒྱུ་རེད།