Dear IATS 2026 Participants,
We hope this message finds you well.
Thank you again for your submissions and for your enthusiasm in joining the 17th Seminar of the International Association for Tibetan Studies (IATS), to be held in Kathmandu, Nepal, from 23–29 August 2026. We are very much looking forward to welcoming you.
This is a friendly reminder to complete your registration as soon as you receive your invitation. Timely registration is a great help to us in scheduling the panels, and we strongly encourage you to register at the earliest opportunity.
Registration Fees
- Regular Registration: USD 360 (15 April – 14 May 2026)
- Late Registration: USD 440 (15 May – 15 June 2026)
A Note for Panel Chairs
We would be grateful if you could coordinate with your panelists to ensure that everyone registers on time. This will allow us to finalize the panel schedule smoothly.
Accommodation
For travel and lodging, our partner One Globe is offering a special rate at The Soaltee Kathmandu, our seminar venue. This is the best available rate at the hotel and is reserved exclusively for IATS participants until 15 May 2026 — so early booking is highly recommended.
Buddha Purnima Greetings
We send you our warm greetings on this auspicious day of Buddha Purnima (1 May), when Nepal celebrates the birth of Buddha Shakyamuni in this wonderful country.
We warmly encourage you to confirm both your registration and accommodation soon, and we look forward to gathering in Kathmandu for what promises to be a stimulating and enjoyable seminar.
With warm regards, The IATS 2026 Organizers
གསལ་བསྒྲགས་ཀྱི་བརྡ་ཐོ་དྲུག་པ་དང་སྤྱི་ཁྱབ་གློག་འཕྲིན། ཐོ་འགོད་ཀྱི་དྲན་སྐུལ།
ཕྱི་ལོ་ ༢༠༢༦ ལོའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་ཚོགས་ཐེངས་བཅུ་བདུན་པར་མཉམ་ཞུགས་གནང་པ་པོ་ཡོངས་ཀྱི་སྥྱན་ལམ་དུ།
ལྷན་རྒྱས་སྐུ་ཁམས་བདེ་བར་གནས་པའི་སྨོན་འདུན་དང་སྦྲགས།
རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ (IATS) བགྲོ་གླེང་ཚོགས་ཐེངས་བཅུ་བདུན་པ་འདི། བལ་ཡུལ་ཀ་ཐ་མན་ཌུ་རུ་འཚོགས་གཏན་འཁེལ་ཡོད་པར་བརྟེན། ཕྱི་ལོ་ ༢༠༢༦ ལོའི་ཟླ་བརྒྱད་པའི་ཚེས་༢༣ ནས་༢༩ བར་ཡིན་པ་དེར། ང་ཚོས་དགའ་སྤྲོའི་ངང་ལྷན་རྒྱས་ལ་ཕེབས་བསུ་ཞུ་རྒྱུར་རེ་སྒུག་ཞུ་བཞིན་ཡོད།
ཁྱེད་རྣམ་པར་མགྲོན་འབོད་འདི་འབྱོར་མ་ཐག་ཐོ་འགོད་མཐར་ཕྱིན་པ་གནང་དགོས་པའི་དྲན་སྐུལ་ཞིག་ཡིན། ཁྱེད་ཀྱིས་དུས་ཐོག་ཐོ་འགོད་གནང་ན། ང་ཚོར་ཚོགས་ཆུང་གི་དུས་ཚོད་འགོད་འཇོག་བྱ་བར་ཕན་ཐོགས་ཤིན་ཏུ་ཆེ་བས། གང་མགྱོགས་ཐོ་འགོད་གནང་རོགས་ཞེས་ནན་གྱིས་འབོད་སྐུལ་ཞུ་རྒྱུ་ཡིན།
ཐོ་འགོད་ཀྱི་གླ་ཆ།
- རྒྱུན་ལྡན་ཐོ་འགོད། ཨ་སྒོར་ ༣༦༠། (༢༠༢༦ ཟླ་ ༤ ཚེས་ ༡༥ ནས་ཟླ་ ༥ ཚེས་ ༡༤ བར།)
- ཕྱིས་འགྱངས་ཐོ་འགོད། ཨ་སྒོར་ ༤༤༠། (༢༠༢༦ ཟླ་ ༥ ཚེས་ ༡༥ ནས་ཟླ་ ༦ ཚེས་ ༡༥ བར།)
ཚོགས་ཆུང་གི་ཚོགས་གཙོ་རྣམ་པར་ཞུ་རྒྱུར།
ཁྱེད་རྣམ་པས་བགྲོ་གླེང་བྱེད་པ་པོ་ཚོ་དང་མཉམ་དུ་འབྲེལ་བ་བྱས་ཏེ་ཚང་མས་དུས་ཐོག་ཏུ་ཐོ་འགོད་བྱེད་ཐུབ་ཚེ། འདིས་ང་ཚོར་བགྲོ་གླེང་གི་དུས་ཚོད་རེའུ་མིག་བདེ་བླག་དང་འཇམ་པོར་གཏན་འབེབས་བྱེད་ཐུབ་པས་དེ་དོན་དགོངས་འཇགས་འཚལ།
གནས་མལ་གྱི་སྐོར།
འགྲུལ་སྐྱོད་དང་གནས་མལ་གྱི་ཆེད། ང་ཚོའི་མཉམ་ལས་ཁང་ One Globe ཞེས་པ་ནས་བགྲོ་གླེང་འཚོགས་ས་ The Soaltee Kathmandu མགྲོན་ཁང་དུ་མགྲོན་ཁང་གི་རིན་གོང་ཆག་ཡང་ཞིག་འབུལ་བཞིན་ཡོད། འདི་ནི་མགྲོན་ཁང་འདིའི་ནང་གི་རིན་གོང་འཚམས་ཤོས་ཤིག་ཡིན་ལ། ༢༠༢༦ ཟླ་ ༥ ཚེས་ ༡༥ བར་དུ་ (IATS) མཉམ་ཞུགས་པ་ཚོར་དམིགས་བསལ་ཟུར་འཇོག་བྱས་ཡོད་པས། ལྷན་རྒྱས་ཚོས་སྔ་ཙམ་ནས་ཁ་མངགས་བྱེད་པར་ནན་གྱིས་འབོད་སྐུལ་ཞུ་གི་ཡོད།
ས་ག་ཟླ་བའི་དུས་ཆེན་བཟང་གི་འཚམས་འཕྲིན།
དེ་རིང་ནི་སངས་རྒྱས་ཤཱཀྱ་ཐུབ་པ་བལ་པོའི་ཡུལ་འདིར་སྐུ་བལྟམས་པའི་དུས་ཆེན་ས་ག་ཟླ་བ་ (ཟླ་ ༥ ཚེས་ ༡།) བའི་ཡར་ཚེས་བཅོ་ལྔ་དང་་བཀྲ་ཤིས་པའི་ཉིན་མོ་བཟང་པོ་འདིར། ཁྱེད་རྣམ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ལགས།
ང་ཚོས་དགའ་བསུ་དང་བཅས་ཁྱེད་རང་གི་ཐོ་འགོད་དང་སྡོད་གནས་མྱུར་དུ་ངེས་གཏན་བྱེད་པར་སྐུལ་མ་ཞུ་རྒྱུ་ཡིན། ང་ཚོས་ཀ་ཐ་མན་ཌུར་ཚོགས་འདུ་གཟབ་རྒྱས་ཤིག་འཚོགས་རྒྱུར་རེ་སྒུག་བྱེད་བཞིན་ཡོད།
བཀྲ་ཤིས་བདེ་ལེགས་ཀྱི་བརྒྱན་ཏེ།
༢༠༢༦ ལོའི་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་ཆེན་གྱི་གོ་སྒྲིག་ཚོགས་ཆུང་ནས།
ཕུལ།།